བཀྲ་ཤིས་ལྷ་དར་ཞི་བདེ་མགྲོན་ཁང་གིས་ལྷག་བསམ་རྣམ་དག་ཁྱེད་ཀྱི་ཕེབས་འབྱོར་ལ་དགའ་བསུ་ཞུ་བཞིན་ཡོད།
2016.10.10 ཁུངས། ཀློག་གྲངས། 0

བཀྲ་ཤིས་ལྷ་དར་ཞི་བདེ་མགྲོན་ཁང་།
བཀྲ་ཤིས་གཡང་གི་མགྲོན་ཁྱིམ་དྲོན་མོ།

བཀྲ་ཤིས་ལྷ་དར་ཞི་བདེ་མགྲོན་ཁང་ནི་ཀན་ལྷོ་གཡང་ལྡན་ཕྱུག་མོའི་ལྟེ་བ་གཙོས་གྲོང་ཁྱེར་ལྷོ་རྒྱུད་ཀྱི་རྡོ་དཀར་ལམ་དུ་ཆགས་ཡོད་ལ། མགྲོན་ཁང་འདིའི་གནའ་དེང་ཟུང་འབྲེལ་གྱི་རྩིག་བཟོའི་བཀོད་པ་ལས་བོད་ཀྱི་དགའ་བཞི་འཕྲུལ་གྱི་ལྷ་ཁང་གི་ཁྱད་ཆོས་ཇི་བཞིན་དུ་མངོན་ཡོད་དེ། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ཀ་བ་ཕུར་པའི་དབྱིབས་སུ་བྱས་པས་སྔགས་པ་དགའ། ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། མིག་མངས་རིས་སུ་བྱས་པས་བོད་རྣམས་དགའ་ཞེས་ཀན་ལྷོའི་ཡུལ་དུ་སྙན་པའི་བ་དན་གཡོ་བའི་མགྲོན་པོ་རྣམས་ཀྱི་ཁྱིམ་གཞིས་དྲོན་མོ་ཞིག་ཏུ་གྱུར་ཡོད།

001.jpg

མགྲོན་ཁང་གི་ནང་གི་རྣམ་པ།

002.jpg

མགྲོན་ཁང་གི་ཕྱིའི་བཀོད་པ།

མགྲོན་ཁང་འདིར་བོད་ལུགས་གཟིམས་ཤག38དང་། གཟིམས་ཤག་དཀྱུས་མ27བཅས་གཟིམས་ཤག་རྣམ་པ་རིགས་དྲུག་ཡོད་ལ། བོད་རྒྱ་ཕྱི་གསུམ་གྱི་ཟས་རིགས་སྣ་ཚོགས་གཡོ་སྦྱོར་བྱེད་སའི་གསོལ་ཁང་ལྷན་གཅིག་ཏུ་ཡོད། མགྲོན་ཁང་འདིའི་བདེ་འཇགས་དང་རིན་གོང་། ཞབས་ཞུའི་རྣམ་འགྱུར། གཙང་སྦྲ་སོགས་ཤིན་ཏུ་བཟང་ཞིང་ཁྲུས་གསོལ་བྱེད་ས་དང་དྲྭ་འབྲེལ་ཡང་མཉམ་གནས་སུ་ཡོད།

བཀྲ་ཤིས་ལྷ་དར་ཞི་བདེ་མགྲོན་ཁང་གིས་ལྷག་བསམ་རྣམ་དག་ཁྱེད་ཀྱི་ཕེབས་འབྱོར་ལ་དགའ་བསུ་ཞུ་བཞིན་ཡོད།
མགྲོན་ཁང་གི་ཁ་པར་ཨང་གྲངས། 0941-3181111
ལག་ཁྱེར་ཁ་པར་ཨང་གྲངས། 18009416001. 18893835750
འབྲེལ་གཏུགས་བྱེད་ས། 0941-8216777
ས་གནས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུང་ཕྲུག་རྒྱ་སྲང་རྡོ་དཀར་ལམ།