གཙུག་ལག་ཕྲེང་བ་དཔེ་ཀློག་ཇ་ཁང་ཚོད་ལྟའི་ཚུལ་གྱིས་སྒོ་ཕྱེ་བ།
2017.01.11 ཁུངས། ཀློག་གྲངས། 107

0001.jpg

སྤྱི་ཟླ་༡ཚེས་༨ཉིན། ༼གཙུག་ལག་ཕྲེང་བ་དཔེ་ཀློག་ཇ་ཁང་༽གྲོང་ཁྱེར་ཟི་ལིང་དུ་ཚོད་ལྟའི་ཚུལ་གྱིས་སྒོ་ཕྱེ་འདུག གཙུག་ལག་ཕྲེང་བ་རིག་གནས་སྨྱན་བྱད་ཚད་ཡོད་སྤྱི་གཉེར་ཁང་ནི༢༠༡༤ལོར་མཚོ་སྔོན་ཟི་ལིང་དུ་ཐོག་མར་བཙུགས་ཤིང་། དེར་བོད་རིག་པའི་དེབ་གཞིར་བྱས་རྒྱ་ཡིག་དང་དབྱིན་ཡིག་གི་དེབ་རྩེ་གྲ་སྣ་ཚོགས་ཡོད་ལ། དཔེ་སྣ་མཉམ་འདུས་དང་ཡན་ལག་མཉམ་འབྲེལ། བཞུགས་མོལ་བགྲོ་གླེང་། དྲ་ལམ་བརྒྱུད་ཚོང་། དེབ་སྐྲུན་ཇུས་འགོད་བཅས་ཞབས་ཞུའི་ལས་སྣ་འཛོམས་པའི་དཔེ་ཀློག་ཇ་ཁང་ཞིག་ཡིན། སྤྱིའི་གཞི་ཁྱོན་ཆེ་ཞིང་ཁང་བའི་ནང་བཀོད་སོགས་དེང་རབསloftབཟོ་ལུགས་ལྟར་འཆར་བཀོད་བྱས་ཡོད་ཅིང་། གཅིག་ཐོག་དཔེ་ཁང་དང་ཉིས་ཐོག་ཚིག་ཇ་ཁང་གི་རྣམ་པ་ཞིག་ཡིན། བྲོ་བ་ཞིམ་པའི་ཚོག་ཇའི་རིགས་སྣ་ཚོགས་དང་བཅུད་ལྡན་ཟས་ཀྱི་གཡོས་སྦྱོར་རིགས་སྟབས་བདེ་ཡང་འདུག

0002.jpg

དེའང༼གཙུག་ལག་ཕྲེང་བ་དཔེ་ཀློག་ཇ་ཁང་༽དང་༼གཙུག་ལག་ཕྲེང་བ་དཔེ་ཁང༽གཉིས་ད་ལྟ་སོ་སོར་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་ཤར་ངོས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གཡས་འགྲམ་དང་ཐེ་གཡང་རྒྱལ་སྤྱིའི་བོད་མིའི་ཁྲོམ་གྱི་ཉིས་ཐོག་ན་ཡོད། གཞན་ཡང་ལྗོངས་ཞིང་ལྔའི་བོད་ཁམས་ཡོངས་སུ་གཙུག་ལག་ཕྲེང་བའི་ཡན་ལག་དཔེ་ཁང་བཅུ་ལྷག་དང་མཛའ་འབྲེལ་དཔེ་ཁང་ཉི་ཤུ་ལྷག་ཡོད་ལ། ད་དུང་མུ་མཐུད་དུ་ཡན་ལག་དཔེ་ཁང་དང་མཉམ་འབྲེལ་དཔེ་ཁང་འཛུགས་འཆར་ཡོད།

0004.jpg

0005.jpg

འདིར་གསུང་རབ་དཔེ་ཚོགས་དང་སྒེར་དེབ་སོགས་རྩོམ་སྒྲིག་ཇུས་འགོད་དང་པར་སྐྲུན་ཞབས་ཞུ། བླུ་ཉོ་ཁྱབ་བསྒྲགས། སྡེབ་ཚོང་བརྒྱུད་བསྐུར་བཅས་བྱེད་ཀྱི་ཡོད། ད་ལྟ་བཀའ་བསྟན་དཔེ་བསྡུར་མ་དང་བོད་ཀྱི་གསོ་རིག་ཀུན་བཏུས། བོན་གྱི་གནའ་དཔེ་ཕྱོགས་བསྒྲིགས། མཁས་དབང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས་སྟོང་ཕྲག་ལྷག་དང་། གནའ་དེང་གི་རིག་གནས་ལོ་རྒྱུས་དང་ཚན་རིག་ཞིབ་འཇུག་གི་དཔྱད་གཞིའི་ཡིག་ཆ་སོགས་བོད་ཡིག་དཔེ་སྐྲུན་ཁང་བརྒྱད་དང་རྒྱའི་དཔེ་སྐྲུན་ཁང་ཉི་ཤུ་ལྷག ཕྱིའི་རྒྱལ་ཁབ་གསུམ་ནས་ནང་འདྲེན་བྱས་པའི་དཔེ་ཚོགས་སྤུས་དག་མའི་དཔེ་སྣ་མང་པོ་འདུས་ཡོད།

0006.jpg

གཙུག་ལག་ཕྲེང་བས་བོད་ཀྱི་པར་སྐྲུན་རིག་གནས་ཀྱི་དུས་རབས་ཀྱི་དབྱེ་མཚམས་མཚོན་པ། འདིར་སྣ་རིང་ནས་མགོ་བཙེམ་གྱི་བར་བརྒལ་དང་། རྟེན་དུ་ཉར་བ་ནས་ཁ་ཕྱེས་ཏེ་བཀླགས་ཤིང་སློབ་གཉེར། མདོར་ན་དཔེ་ཀློག་ལ་སྐུལ་མ་བྱེད་པ་དོན་གྱི་ཡང་སྙིང་དུ་བཟུང་སྟེ། ཆོལ་ཁ་ཆོས་ཚན་དང་། ཆོས་བརྒྱུད་གྲུབ་མཐའ། རིག་གནས་གསར་རྙིང་། རྒྱ་བོད་དབྱིན་གསུམ་གྱི་ཡིག་རིགས་བཅས་རྒྱལ་ཁམས་ཀྱི་དབྱེ་མཚམས་ལས་བརྒལ་བའི་མི་རིགས་སོ་སོའི་རིག་གནས་དང་སྐད་ཡིག་གི་བར་ལ་རིག་གནས་ཀྱི་གསེར་ཟམ་ཞིག་བསྐྲུན་ཅི་ཐུབ་ལ་གཞོལ་གྱིན་ཡོད། ཤར་ནུབ་ཀྱི་སྐྱེས་ཆེན་གསེར་རིའི་ཕྲེང་བའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་གསུང་རབ་རིན་པོ་ཆེའི་གཅེས་ནོར་དག་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་བསམ་པའི་ཟས་སུ་འགྱུར་བ་དང་དཔེ་ཀློག་གི་སྟོབས་ཤུགས་ཀྱིས་འཛམ་གླིང་གི་མི་རིགས་དང་མི་སྒེར་སོ་སོའི་ལས་དབང་བསྒྱུར་ཐུབ་པའི་རེ་སྨོན་བཅངས་ཡོད།

0007.jpg

0008.jpg

࿄ དེབ་ཕྲེང་གཅིག་ཡན་ས་གནས་སོ་སོར་བསྐུར་ཆོག
࿅ དེབ་རིན་དངུལ་བྱང་དང་ཁུག་དམར་ལ་བསྐུར་ཆོག
࿇ སྡེབ་ཉོ་ལ་རིན་གོང་ཕབ་གཅོག་ཡོད།
࿈ ཚད་ལྡན་གྱི་སྤ་སེའམ་འཛིན་ཡིག་བཟོ་ཆོག

ས་གནས།
(1)ཟི་ལིང་ཐེ་གཡང་རྒྱལ་སྤྱིའི་ཚོང་ར་ཉིས་ཐོགCཁུལ་སྒོ་རྟགས་ ཨང1967~1969པ།
(2)མཚོ་སྔོན་མི་རིགས་སློབ་ཆེན་གྱི་གཡས་འགྲམ་སྟེ་གཙུག་ལག་ཕྲེང་བ་དཔེ་ཤག་བསྟི་གནས།

地址:
(1)西宁市小商品对面泰阳国际民族商贸城二楼C区1967~1969号
(2)西宁市八一路青海民族大学以东翠雍天地底商{宗拉昌瓦书咖空间(总店)

ང་ཚོ་ཐུན་མོང་ལ་དབང་བའི་གཙུག་ལག་གསེར་གྱི་ཕྲེང་བ།

འབྲེལ་ཨང་།
བཀྲིས་སྐྱབས། 13139061266
རྡོ་རྗེ་རྒྱལ། 18297233322
རྡོ་རྗེ་སྒྲོལ་མ། 15809732563
སྐལ་བཟང་། 13099788016
ཚེ་སྐྱིད། 15597383385

0009.jpg