མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པའི་འཕྲིན། ཀྲུང་དབྱང་གི་ཐེངས་བདུན་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་མཚོ་སྔོན་དུ་སྡོད་པའི་ཟླ་ངོ་གཅིག(2017ལོའི་ཟླ8པའི་ཚེས8ནས་ཟླ9པའི་ཚེས8བར།)ལྷག་གི་རིང་ལ། ཆེད་བཙུགས་ཁ་པར(0971-6130209)དང་ཆེད་བཙུགས་སྦྲག་སྲིད་ཡིག་སྒམ(ཟི་ལིང་སྦྲག་སྲིད་ཨང་རྟགས8006པའི་ཡིག་སྒམ)བཀོད་སྒྲིག་བྱས་ཡོད་དེ། ལྟ་ཞིབ་ཚོགས་པས་ཡར་ཞུ་གནས་ཚུལ་དང་ལེན་བྱེད་པའི་དུས་ཚད་ནི་ཉིན་རྒྱུན་གྱི་སྔ་དྲོའི་དུས་ཚོད8ནས་དགོང་མོའི་དུས་ཚོད8པའི་བར་ཡིན།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལྟར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པས་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁ་པར་དང་འཕྲིན་ཡིག་ལ་བདག་གཉེར་བྱེད་པ་ལས། ཁྱབ་ཁོངས་འདིར་མི་གཏོགས་པའི་གནད་དོན་དག་གཏན་ཁེལ་བྱས་པ་ལྟར་ལྟ་ཞིབ་ས་ཁུལ་དང་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་གིས་ཐག་གཅོད་བྱ་ངེས།