མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གསར་འགྱུར་བརྩམས་ཆོས་ཀྱི་པར་དབང་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་གསལ་བསྒྲགས།
2018.06.04 ཁུངས། ཀློག་གྲངས། 267

ཀྲུང་དབྱང་གི«སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བ་མཉམ་བསྲེས་ངང་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར»ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བའི་པར་དབང་མཉམ་འབྲེལ་རྐྱེན་སྲོལ་ཕྱོགས་ཡོངས་ནས་གཟུགས་པར་སྐུལ་འདེད་བྱེད་པ། དྲ་རྒྱའི་བརྒྱུད་འགོད་པར་དབང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཆེད་དུ། རྒྱལ་ཁབ་པར་དབང་ཅུའུ་ཡི«དྲ་རྒྱའི་བརྒྱུད་འགོད་ཀྱི་པར་དབང་སྒྲིག་ལམ་སྐོར་གྱི་བརྡ་ཐོ»ཡི་འབྲེལ་ཡོད་བླང་བྱར་གཞི་བཅོལ་ཏེ་གཤམ་གྱི་གསལ་བསྒྲགས་འདི་སྤེལ་བ་ཡིན།
1 མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བཅར་འདྲི(བརྙན་ཕབ)དང་རྩོམ་སྒྲིག སྒྲིག་སྦྱོར། དྲ་ཚིགས་སུ་བཀོད་པའི(སྒྲོག་གཏོང)གསར་འགྱུར་བརྩམས་ཆོས་དག་དང་། རང་ལས་ཁུངས་ཀྱིས་ཐེངས་དང་པོར་ཡོངས་བསྒྲགས་གནང་བའི་གནས་ཚུལ་གསར་འགྱུར་དང་བཅར་འདྲིའི་གནས་ཚུལ། རྟོག་ཞིབ་དཔྱད་བརྗོད། ཡིག་ཚགས་ཟིན་ཐོ་སོགས་གསར་འགྱུར་བརྩམས་ཆོས་དག དེ་མིན་གནས་ཚུལ་གཞན་མང་པོ་ཞིག་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་པར་དབང་གི་རྒྱུ་ནོར་གལ་འགངས་ཆེ་བ་དག་ཡིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནི་སྔར་བརྗོད་གསར་འགྱུར་བརྩམས་ཆོས་ཀྱི་པར་ངོས་བདག་པོ་ཡིན་པའི་ཆ་ནས། ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་དེ་ལ་ཆ་ཚང་བའི་རྩོམ་དབང་ཡོད་པ་ཡིན། དེ་བས་གསར་འགྱུར་སྨྱན་བྱད་དང་དྲ་རྒྱའི་ཞབས་ཕྱིའི་ཚོང་ལས། མི་སྒེར་བཅས་སོ་སོ་ནས་རྩོམ་དབང་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་དག་བརྩི་སྲུང་ནན་མོ་བྱ་རྒྱུ་གལ།
2.བརྙན་འཕྲིན་ཁང་དང་རྒྱང་སྒྲོག་བརྙན་འཕྲིན། ཚགས་པར། དུས་དེབ། སྦྲེལ་དྲའི་ཞབས་ཕྱི་མཁོ་འདོན་ཚོང་ལས། དེ་མིན་དྲ་རྒྱ་བཀོལ་མཁན་སོགས་ལས་ཁུངས་དང་མི་སྒེར་གང་གིས་རྩོམ་དབང་གི་ཁྲིམས་ནང་དུ་གཏན་ཁེལ་བྱས་པ་ལྟར་ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་པ་ལས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡིག་ངོས་ཀྱི་ཆོག་མཆན་མ་བརྒྱུད་ཚེ། བརྒྱུད་འགོད་དང་སྒྲིག་བཟོ། བཟོ་བཅོས། བཤུས་སྒྲིག བརྒྱུད་སྐུར་རམ་ཡང་ན་བྱེད་ཐབས་གཞན་སྤྱད་ནས་འདྲ་བཟོ་བྱས་མི་ཆོག་པ་མ་ཟད། སྔར་བརྗོད་གསར་འགྱུར་བརྩམས་ཆོས་བརྒྱུད་སྒྲོག་བྱ་མི་ཆོག
3. གསར་འགྱུར་སྨྱན་བྱད་དང་དྲ་རྒྱའི་ཞབས་ཕྱི་ཚོང་ལས། མི་སྒེར་བཅས་ལ་བརྩམས་ཆོས་བརྒྱུད་འགོད་ཀྱི་དབང་བཅོལ་ཐོབ་པའི་སྐབས་སུ། ངེས་པར་རང་རྟོགས་སྒོས་རྩོམ་དབང་ཡོད་པའི་མིའི་མིང་འགོད་དགོས་ལ། མ་ཡིག་དང་ཁ་བྱང་འཁྱོག་བཟོ་དང་བསྒྱུར་བཅོས་བྱས་མི་ཆོག བརྩམས་ཆོས་བརྒྱུད་འགོད་བྱེད་སྐབས་ངེས་པར་ཡོང་ཁུངས་གསལ་བོར་འགོད་དགོས་པ་དང་། དྲ་ཚིགས་བརྒྱུད་འགོད་བྱས་ཏེ་ནང་དོན་གང་རུང་སྤེལ་སྐབས་ངེས་པར་ཡོང་ཁུངས་དང་དྲ་ཚིགས་སྦྲེལ་མཐུད་ཀྱི་དྲ་གནས་གསལ་པོར་འགོད་དགོས།
4. མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྔར་བརྗོད་གསར་འགྱུར་བརྩམས་ཆོས་ཀྱི་པར་དབང་ལ་ལྟ་རྟོག་བྱེད་པ་དང་དབང་ཆར་སྲུང་སྐྱོབ་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཆོག་མཆན་མ་བརྒྱུད་པར་སྔར་བརྗོད་གསར་འགྱུར་བརྩམས་ཆོས་བཀོལ་སྤྱོད་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དག་ཁྲིམས་ལུགས་ལ་བརྟེན་ནས་བརྩད་གཅོད་ནན་མོ་བྱ་རྒྱུ་ཡིན། དེ་བས་གསར་འགྱུར་སྨྱན་བྱད་དང་དྲ་རྒྱའི་ཞབས་ཕྱི་ཚོང་ལས། མི་སྒེར་བཅས་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྤེལ་བའི་དབང་ཆར་སྲུང་སྐྱོབ་བྱེད་པའི་བརྡ་ཐོ་འབྱོར་རྗེས། ངེས་པར་རང་དགར་བརྒྱུད་འགོད་བྱས་པའི་ནང་དོན་དག་དུས་ལྟར་བསུབ་སྟེ། དབང་གནོད་ཀྱི་དོན་དག་ཞི་མཐུན་གྱིས་ཐག་གཅོད་བྱ་དགོས།
5. གསལ་བསྒྲགས་འདི་སྤེལ་བའི་ཉིན་ནས་བཟུང་། གསར་འགྱུར་སྨྱན་བྱད་དང་དྲ་ཚིགས། མི་སྒེར་བཅས་སོ་སོ་ནས་རང་འགུལ་སྒོས་རང་རང་སོ་སོར་རྟོག་ཞིབ་བྱེད་དགོས་པ་མ་ཟད། དབང་ཆར་གནོད་པའི་ནང་དོན་དག་བསུབ་དགོས། གལ་ཏེ་མུ་མཐུད་ནས་འབྲེལ་ཡོད་ནང་དོན་བཀོལ་སྤྱོད་བྱ་དགོས་ཚེ། དུས་ལྟར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་འབྲེལ་གཏུག་བྱས་ཏེ་པར་དབང་མཉམ་ལས་བྱ་དགོས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས།2017ལོའི་ཟླ4པའི་ཚེས26ཉིན།

2.jpg