ཀྲུང་གོ་ཀན་ལྷོའི་ཤམ་བྷ་ལ་བཞིན་ལྟ་ན་སྡུག་པའི་རྨ་ཆུའི་གེ་སར་རྟ་རྒྱུག་སྐབས་བཅུ་གཉིས་པ་ཕྱིར་འགྱངས་བྱས་པའི་སྐོར་གྱི་བརྡ་ཁྱབ།
2018.06.11 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 599

QQ图片20180614164040.jpg

རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ད་ལོར་རྫོང་ཡོངས་གནད་སྒྲོལ་དབུལ་ཐར་བྱ་བའི་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པའི་གནས་ཚུལ་དངོས་ལ་གཞིགས་ནས་རྫོང་གི་འགོ་ཁྲིད་ཚན་ཁག་ཆེ་བཞི། རྨ་ཆུའི་གེ་སར་རྟ་རྒྱུག་མཐུན་ཚོགས། གཞི་རིམ་འཐུས་མི་གཉིས་དང་ཨུ་ཡོན་གཅིག་བཅས་ཀྱི་བསམ་འཆར་གྲོས་གཞི་བསྡུ་ལེན་བྱས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་པའི་ཟླ་མཇུག་ཏུ་རྫོང་རྒྱུན་ཨུའི་རྒྱ་བསྐྱེད་ཚོགས་འདུའི་སྟེང་དུ་ཐུན་མོང་ཞིབ་འཇུག་དང་གྲོས་མོལ་བྱས་པ་བརྒྱུད། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་ཀན་ལྷོའི་ཤམ་བྷ་ལ་བཞིན་ལྟ་ན་སྡུག་པའི་རྨ་ཆུའི་གེ་སར་རྟ་རྒྱུག་སྐབས་བཅུ་གཉིས་པ་ཕྱིར་འགྱངས་བྱེད་པའི་རེ་ཞུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་ཕུལ་བར་ཆོག་མཆན་ཐོབ་ནས་འཐད་པ་བྱུང་ཡོད། དེ་བས་འདིར་ཆེད་དུ་བརྡ་གཏོང་དོན།ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ནས་བཅུ་བདུན་བར་གྱི་ཀྲུང་གོ་ཀན་ལྷོའི་ཤམ་བྷ་ལ་བཞིན་ལྟ་ན་སྡུག་པའི་རྨ་ཆུའི་གེ་སར་རྟ་རྒྱུག་སྐབས་བཅུ་གཉིས་པ་དེ་ཉིས་སྟོང་བཅུ་དགུ་ལོར་སྤེལ་རྒྱུ་ཕྱི་འགྱངས་བྱས་པའི་ཐག་བཅད་ཀྱི་བརྡ་བཏང་བ་ཡིན།

རྒྱ་ཆེའི་རྟ་བདག་རྣམ་པ་དང་གསར་འགོད་པ། པར་ལེན་སྒྱུ་རྩལ་བ། ཡུལ་སྐོར་བ་རྣམས་ཀྱིས་ཀན་ལྷོའི་ཉིན་རེའི་ཚགས་པར་དང་། ཀྲུང་གོ་ཀན་ལྷོ་དྲ་བ། ཀྲུང་གོ་རྨ་ཆུའི་དྲ་བ། རྨ་ཆུའི་འཕྱོར་སྒེག་འཕྲིན་སྟེགས་བཅས་གཞུང་ཕྱོགས་དྲ་ཚིགས་ནས་སང་ལོའི་རྟ་རྒྱུག་གི་ཉི་སྐར་ཐག་བཅད་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་ཞུ་རོགས།



ཀན་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་མཐུན་ཚོགས་ཀྱིས།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པའི་ཚེས་གཅིག་ལ།