སྤེལ་དུས།2018.09.07 ཡོང་ཁུངས།
0
0

བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་སྙན་ངག་གྱེར་འདོན་སྒྱུ་རྩལ་ལ་དུངས་པ་ཟབ་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམ་པ།       དེ་ཡང་ཀྲུང་ཧྭ་རིག་གནས་བསྐྱར་དར་གྱི་དགོངས་པ་ལག་ལེན་མཐར་ཕྱིན་དང་།  བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར༤༠ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བ།  ལྷག་པར་དུ་དུས་རབས་གསར་བའི་ནང་བོད་ཀྱི་སློབ་ཆེན་སོ་སོའི་སློབ་རའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའམ་སློབ་མའི་གསར་རྩོམ་གྱི་འདུན་པ་སྐྱེད་བསྲིང་བྱེད་པ།  སྒོས་སུ་སྙན་ངག་གྱེར་འདོན་གྱི་མོས་པ་ཀུན་ནས་བསྐྱེད་ཕྱིར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་དང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་།《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་།  མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་འགན་བསྒྲུབ་བྱས་པའི“གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ”༢༠༡༨ལོའི་ཟླ༩པའི་ཟླ་དཀྱིལ་དུ་གནའ་མཁར་ཟི་ལིང་ནས་འཚོག་རྒྱུ་ཡིན་པས། འབྲེལ་ཡོད་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར། 

དང་པོ། བྱ་འགུལ་གྱི་བརྗོད་སྙིང་།

ལང་ཚོའི་མཆོད་དབྱངས།----- བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར༤༠ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བ།

གཉིས་པ། བྱ་འགུལ་གྱི་དུས་ཚོད།

སྤྱི་ཟླ་དགུ་པའི་ཚེས༡༣ནས་ཚེས་༡༦ཉིན་བར་ཏེ།ཚེས༡༣ཉིན་མིང་ཐོ་འགོད་པ་དང་།ཚེས༡༤ཉིན་བསྐྱར་འགྲན། ཚེས༡༥ ཉིན་རྟིང་རྩོད་འགྲན་སྡུར། ཚེས༡༦ཉིན་བྱ་དགའ་གནང་བའི་མཛད་སྒོའི་དགོང་ཚོགས་བཅས་སྤེལ་རྒྱུ།

གསུམ་པ། བྱ་འགུལ་གྱི་ས་གནས།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞི་ཀོན་སྲང་ལམ་ཆེན་མོའི་སྒོ་རྟགས་ཨང༨༡པ།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན།

བཞི་བ། བྱ་འགུལ་གྱི་ཆ་རྐྱེན།

༡  འགྲན་ཞུགས་པ་དག་རྒྱལ་ཡོངས་ཀྱི་མི་རིགས་སློབ་ཆེན་སོ་སོའི་སློབ་མ་ཡིན་དགོས།

༢  སློབ་གྲྭ་སོ་སོས་ཐོག་མའི་འགྲན་སྡུར་བརྒྱུད་དེ་བསལ་བདམས་བྱས་རྗེས་གཅིག་གྱུར་སྒོས་མིང་ཐོ་འགོད་དགོས།

༣  གྱེར་བྱའི་བརྩམས་ཆོས་ངེས་པར་དུ་དུས་དེབ་སོགས་སུ་བཀོད་མ་མྱོང་བ་ཁོ་ན་ཡིན་དགོས།

༤  གྱེར་འདོན་གྱི་རྒྱབ་ལྗོངས་རོལ་དབྱངས་གྱེར་འདོན་པ་རང་ངོས་ནས་གྲ་སྒྲིག་བྱེད་དགོས

༥  འགྲན་ཞུགས་པ་ཚང་མས་ངེས་པར་དུ་བོད་ལྭ་གྱོན་དགོས།

༦  སློབ་གྲྭ་སོ་སོའི་འགྲན་ཞུགས་པ་མི་གསུམ་དང་མཛུབ་སྟོན་དགེ་རྒན་གཅིག་བཅས་ལས་བརྒལ་མི་རུང་།

ལྔ་པ། བྱ་དགའི་རྣམ་གྲངས།

ཐེངས་འདིའི་གྱེར་འདོན་འགྲན་ཚོགས་སྟེང་བྱ་དགའ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ།   རྟིང་སྐུལ་བྱ་དགའ་དང་རྩ་འཛུགས་བྱ་དགའ་དུ་མ་བཅས་ཡོད།

དྲུག་པ། འབྲེལ་གཏུག་བྱེད་ཡུལ།

མོག་བུ་ཡེ་ཤེས་སྐྱབས།   15500564445

ཚེ་མ་རྒྱལ།   13997386765

སངས་རྒྱས་སྒྲོལ་མ།   18935562252

གདུགས་དཀར་སྐྱིད།  17693297282

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།