འདྲི་ཤོག་གི་དྲི་བར་ལན་བཏབ་ནས་བྱ་དགའ་ལེན་པའི་གསལ་བརྡ།
2019.07.02 ཁུངས། ཀློག་གྲངས། 608

ཉེ་ཆར་ཨ་མདོ་བརྙན་འཕྲིན་གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་ནས། ཨ་མདོ་བརྙན་འཕྲིན་གྱི་ལེ་ཚན་གསན་གཟིགས་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་འདྲི་ཤོག་ཅིག་བཀྲམས་ནས། རྒྱ་ཆེའི་ལྟ་མཁན་མང་པོས་ཨ་མདོ་བརྙན་འཕྲིན་ལ་བཅངས་པའི་བསམ་ཚུལ་ངོ་མ་དེ་བསྡུ་ལེན་བྱེད་པའི་བྱ་འགུལ་སྤེལ། བྱ་འགུལ་སྤེལ་བའི་གཟའ་འཁོར་གཅིག་གི་དུས་ཚོད་ནང་། བྱ་འགུལ་འདིའི་དྲ་ངོས་རྡེབ་ཚད་ཁྲི་གཉིས་ལྷག་བརྒལ་ནས། ཨ་མདོ་བརྙན་འཕྲིན་གྱི་ལེ་ཚན་གསན་གཟིགས་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པར་ཕན་འབྲས་ཆེན་པོ་ཐོབ་ཡོད་པ་རེད། དེ་བས་དུས་རྟག་དུ་ངེད་ཨ་མདོ་བརྙན་འཕྲིན་ལ་ལྷག་བསམ་རྣམ་དག་གིས་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལྟ་མཁན་དང་དྲ་གྲོགས་ཡོངས་ལ་བཀའ་དྲིན་ཞུ་སླད། ཐེངས་འདིའི་བརྟག་དཔྱད་འདྲི་ཤོག་གི་དྲི་བར་ལན་བཏབ་ནས་བྱ་དགའ་ལེན་པའི་བྱ་འགུལ་དེ་དུས་ཡུན་གཟའ་འཁོར་གཅིག་ཕྱིར་བསྒྱང་རྒྱུ་ཡིན་པས། ཉིད་ཀྱིས་མུ་མཐུད་ནས་བརྟག་དཔྱད་འདྲི་ཤོག་གི་དྲི་བར་ལན་ཐོབས་དང་། ད་དུང་ཁྱེད་ལ་བྱ་དགའ་གང་རུང་ལེན་པའི་གོ་སྐབས་ཡོད།

ཐེངས་འདིའི་བྱ་འགུལ་ཁྲོད། བརྟག་དཔྱད་འདྲི་ཤོག་གི་དྲི་བ་ཁ་ཚང་ལ་ལན་བཏབ་ནས་ཡར་སྤྲོད་གནང་མཁན་གྱི་ཁྲོད་ནས་བྱ་དགའ་ཨང་དང་པོ་ཐོབ་མཁན་བཅུ་བདུན་དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན་བརྒྱ་དང་བདུན་ཅུ་དོན་གསུམ།  བྱ་དགའ་ཨང་གསུམ་པ་ཐོབ་མཁན་ཉིས་བརྒྱ་དྲུག་ཅུ་རེ་གཉིས་བཅས་བྱུང་ཡོད་པ་ཡིན་ན།   བྱ་དགའ་མང་པོ་ཞིག་ད་དུང་རྗེས་ན་ཡོད་པས་གོ་སྐབས་དམ་འཛིན་གྱིས་དྲི་བ་ཁ་ཚང་ལ་ལན་བཏབ་ནས་ཡར་སྤྲོད་བྱོས་དང་། བྱ་དགའ་རྗེས་མ་དེ་ཁྱེད་ལ་རེག་ངེས་བས་བྱ་དགའ་ལེན་དུ་ཤོག་དང་། ང་ཚོས་ནམ་ཡང་ཁྱེད་ཅག་གི་དོ་ཁུར་དང་རྒྱབ་སྐྱོར་ལ་རེ་སྒུག་དང་ཁྱེད་ཀྱི་ཟབ་ཞུགས་ལ་དགའ་བསུ་ཞུ་བཞིན་ཡོད།