དྲ་ལམ་གསར་རྩོམ་བརྙན་ཐུང་བསྡུ་བ་དང་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་གྱི་བརྡ་སྦྱོར།
2019.09.04 ཁུངས། ཀློག་གྲངས། 1316


“མཚར་སྡུག་གི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ”ཞེས་པའི་དྲ་ལམ་གསར་རྩོམ་བརྙན་ཐུང་བརྩམས་ཆོས་བསྡུ་བ་དང་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོའི་བརྡ་སྦྱོར།


མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། གྲོང་ཁྱེར་དང་ཁུལ། རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྒྱང་སྒྲོག་བརྙན་འཕྲིན་ཁང་། གློག་བརྙན་འཕྲིན་ལེ་ཚན་སྒྲིག་སྦྱོར་ལས་ཁུངས་སོ་སོ། སྦྲེལ་དྲའི་གསན་གཟིགས་ལེ་ཚན་གྱི་ཞབས་ཕྱིའི་ལས་ཁུངས་བཅས་ལ།

ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཏང་གི་སྐབས་བཅུ་དགུ་པའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྒྲིག་སྦྱོར་དང་། ཕྱིར་གཏོང་ལས་ཁུངས་ཀྱིས་ཕུལ་བྱུང་དྲ་ལམ་བརྙན་ཐུང་བརྩམས་ཆོས་བརྒྱུད་ནས་ཀྲུང་གོ་གསར་པར་དཔངས་བསྟོད་བྱེད་པ་དང་། དུས་རབས་གསར་པར་འབད་པས་བསྐྱོད་པའི་ཁོར་ཡུག་བླ་མེད་བསྐྲུན་ཆེད། དྲ་ལམ་སྟེང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་གསར་སྒྲ་དབྱངས་རབ་ཏུ་བསྒྲག་པར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཞིང་ཆེན་ནང་ཁུལ་གྱི་དྲ་ལམ་གསན་གཟིགས་དཔང་ཡིག་ཡོད་པའི་ཞབས་ཕྱིའི་ལས་ཁུངས་དག་མཉམ་འབྲེལ་རྩ་འཛུགས་བྱས་ཏེ། “མཚར་སྡུག་གི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ”ཞེས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འཁོར་བའི་དྲ་ལམ་གསར་རྩོམ་བརྙན་ཐུང་བསྡུ་བ་དང་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། འབྲེལ་ཡོད་ཀྱི་བརྡ་སྦྱོར་གཤམ་གསལ་ལྟར།


དང་པོ། བྱེད་སྒོའི་དུས་ཚོད།

2019ལོའི་ཟླ9--ཟླ10བར།

གཉིས་པ། རྩ་འཛུགས་ལས་ཁུངས།

གཙོ་སྒྲུབ་ལས་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།

རོགས་སྒྲུབ་ལས་ཁུངས། མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཟི་ལིང་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས།


གསུམ་པ། བྱེད་སྒོའི་སྟེགས་བུ།

གཞུང་དྲ། ཁྲང་ཡོན་དྲ་བ།(མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང) གངས་ལྗོངས་མེ་ལོང་། ཟི་ལིང་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་དྲ་བ།

ལག་ཁྱེརAPP  གཙང་གསུམ་འབྱུང་ཡུལAPP  གངས་ལྗོངས་མེ་ལོངAPP  ཕྱག་མཐིལ་ཟི་ལིངAPP སོགས་ཡིན།

གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་གསན་གཟིགས། ཉིན་རེའི་གངས་ལྗོངས། ཟི་ལིང་རྒྱང་སྒྲོག་བརྙན་འཕྲིན་ཁང་གཞུང་ཕྱོགས་འཕྲིན་སྟེགས། ཞཱ་ཏུའུ་བར་མེད་གཞུང་ཕྱོགས་སྐད་འཕྲིན་སོགས་ཡིན།


བཞི་བ། བྱེད་སྒོའི་ནང་དོན།

གཅིག  བྱེད་སྒོའི་བརྗོད་གཞི།

“མཚར་སྡུག་གི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ” ---ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ།

གཉིས། བརྩམས་ཆོས་བསྡུ་བ།

1.བསྡུ་རུབ་བྱ་ཡུལ། ལས་ཁུངས་སོ་སོ། ཚོགས་པ་དང་མི་སྒེར།

2.བརྩམས་ཆོས་ཀྱི་རིགས། དྲ་རྒྱའི་ཟློས་གར། དྲ་ལམ་གློག་བརྙན༼གློག་བརྙན་ཐུང་ངུ༽། དྲ་ལམ་དངོས་བཤུས་གློག་བརྙན། དྲ་ལམ་འགུལ་རིས་བརྙན་འཕྲིན། དྲ་ལམ་གསར་འགྱུར་བརྙན་ཐུང་དང་དྲ་ལམ་བརྙན་ཐུང་བརྩམས་ཆོས་གཞན་དག དེའི་ནང་༼དྲ་ལམ་གསར་འགྱུར་བརྙན་ཐུང་༽ཅེས་པ་དྲ་ལམ་གསན་གཟིགས་དཔང་ཡིག་ཡོད་པའི་དྲ་ཚིགས་དང་། སྦྲེལ་དྲའི་གསར་འགྱུར་ཞབས་ཕྱི་དྲ་ཚིགས་གཉིས་ཀྱིས་ཡར་སྤྲོད་བྱ་དགོས།

བརྙན་ཐུང་དག་སྐར་མ་གཅིག་ལས་ཉུང་མི་རུང་།

གསུམ། བརྩམས་ཆོས་ནང་དོན།

བརྩམས་ཆོས་ངེས་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་ཐིག་འདི་དང་དམ་པོར་འབྲེལ་དགོས། གལ་ཆེའི་དུས་ཚོད་ཀྱི་མཚམས་ཚིགས་དང་གལ་ཆེའི་དྲིལ་སྒྲོག་བརྗོད་བྱ་གཙོར་དམིགས་ཏེ། དུས་རབས་གསར་པ་ཟིན་ཐོར་འགོད་ཅིང་། བསམ་བློ་གསར་པར་འགྲེལ་བཤད་རྒྱག་པ། གྲུབ་འབྲས་གསར་པ་མངོན་པར་བྱས་ནས། སྣང་ཚུལ་གསར་པ་ལྷུག་པོར་སྟོན་དགོས། ནང་དོན་ལ་བྱེ་བྲག་ཏུ་དབྱེ་བ་གཤམ་གསལ་ལྟར།

1. ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འཁོར་བའི་རིང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལས་རིགས་སོ་སོ། ཁྱབ་ཁོངས་སོ་སོའི་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་སྟོན་དགོས།

2.  ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གཟབ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཕྱོགས་ལ་བཏོན་པའི¬༼ཏན་ཏིག་བཞིའི ༽བླང་བྱ་གལ་ཆེན་ལག་ལེན་མཐར་འཁྱོལ་བྱས་པ་དང་། ༼ལྔ་བཞིའི་འཐབ་ཇུས༽དང་༼སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས༽ཀྱི་གསོན་ཉམས་ལྡན་པའི་ལག་ལེན་སྐུལ་སྤེལ་བྱས་པ་སྟོན་དགོས།

3. སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་མངོན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་མཚོན་པ། པུའུ་ཨུ་སོ་སོའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་དང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྲུན་ལས་བྱེད། འབུམ་རམས་ཞབས་ཕྱི་ཚོགས་པ། ཕུལ་བྱུང་ཁེ་ལས་པ་སོགས་རིགས་སོ་སོའི་ཤེས་ལྡན་མི་སྣའི་མཚོ་སྔོན་དུ་སྡོད་སྐབས་མི་སེམས་འགུལ་བའི་བྱས་རྗེས་བསྐྲུན་པ་བཅས་མཚོན་དགོས  །

4.ལས་རིགས་སོ་སོར་བྱུང་བའི་དཔེ་སྟོན་མི་སྣ་དང་སྔོན་ཐོན་བྱ་གཞག་སྟོན་པ་དང་། ཀྲུང་གོ་བས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་དཀའ་སྤྱད་འབད་བརྩོན་དང་། སྙིང་རུས་མདུན་སྐྱོད། རང་གི་རིན་ཐང་མངོན་ནས་སྤྱི་ཚོགས་རིན་ཐང་མངོན་འགྱུར་བྱས་པའི་གཏམ་རྒྱུད་སྔོག་འདོན་བྱ་བ།

5.ཀྲུང་གོ་བས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ལག་རྩལ་སྒྱུ་རྩལ།  དམངས་སྲོལ་རྒྱུད་འཛིན་དར་སྤེལ་བྱ་བར་འབད་པ་ལྷུར་ལེན་བྱས་པ་སྟོན་པ། གམ་གྱི་མི་དང་གམ་གྱི་གཏམ་རྒྱུད་བརྗོད་དེ། ཀྲུང་གོ་བས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་བསྒྲུབས་པའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་ཟབ་མོ་བྱེད་པ།


བཞི། བརྩམས་ཆོས་ཀྱི་ཆ་རྐྱེན།

1.བསྐུར་བྱའི་བརྩམས་ཆོས་ཀྱི་བརྗོད་བྱ་མངོན་གསལ་ཡིན་དགོས་ལ། མཚོན་དོན་ལ་ཐུན་མིན་གསར་ཤས་ལྡན་དགོས།  དྲང་ནུས་ཁྱབ་སྒྲོག་བྱེད་པ། བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ལྟ་འདོད་རང་བཞིན་ཅུང་མཐོན་པོ་ལྡན་དགོས་ལ། སྒྱུ་རྩལ་མཚོན་ནུས་དང་ཡིད་དབང་འགུག་ནུས་ཅུང་མཐོ་བ་དང་། ཁྱབ་སྒྲོག་གི་རིན་ཐང་ཆེན་པོ་ལྡན་དགོས།

2.བརྩམས་ཆོས་ཀྱི་སྒྲིག་སྦྱོར་ཆུ་ཚད་བརྩམས་ཆོས་འགྲན་སྡུར་གྱི་ཚད་ལྡན་ལག་རྩལ་དང་མཐུན་དགོས་པ་དང་། (MP4རྣམ་པ་གཙོ་བོར་བྱེད་པ) དྲ་ལམ་སྟེང་གཏོང་བའི་ཚད་གཞི་དང་མཐུན་དགོས།

3.བརྩམས་ཆོས་ནི་བསྐུར་མཁན་གྱི་ལས་ཁུངས་དང་ཚོགས་པ། མི་སྒེར་གྱི་གསར་རྩོམ་ཡིན་དགོས་ལ།  རྩོམ་གྱི་བདག་དབང་ཁྲིམས་དང་མཐུན་དགོས། བཏང་ཟིན་པའི་བརྩམས་ཆོས་དང་ཐེངས་འདིའི་བྱེད་སྒོའི་སྟེང་ལ་ཆེད་དུ་གསར་རྩོམ་བྱས་པའི་བརྩམས་ཆོས་གང་རུང་བསྐུར་ཆོག  གལ་ཏེ 《བདག་དབང་ཁག་ཐེག་ཡི་གེའི》སྟེང་བསྐུར་བྱའི་བརྩམས་ཆོས་ལ་བདག་དབང་བཀོད་མེད་ཚེ། བྱེད་སྒོའི་གཙོ་སྒྲུབ་ལས་ཁུངས་ཀྱིས་བརྩམས་ཆོས་བསྐུར་མཁན་ལ་བདག་དབང་དེ་ཡོད་པར་བརྩི་རྒྱུ་ཡིན།

4.བསྐུར་བའི་བརྩམས་ཆོས་ལ་དུས་མཚུངས་སུ་གཙོ་སྒྲུབ་ལས་ཁུངས་ཀྱིས་ཚོང་ལས་རང་བཞིན་མིན་པའི་ཁྱབ་སྤེལ་བྱ་ཆོག་པའི་དབང་ཆ་སྟེར་དགོས།

ལྔ། བརྩམས་ཆོས་དཔྱད་འདེམས།

བྱེད་སྒོའི་སྟེང་གཙོ་སྒྲུབ་ལས་ཁུངས་ཀྱིས་ལས་རིགས་དང་འབྲེལ་བའི་ཆེད་མཁས་པ་དང་། ཞིབ་འཇུག་པ་སོགས་གདན་འདྲེན་བྱ་རྒྱུ་ཡིན་ལ། བསྡུ་རུབ་བྱས་པའི་བརྩམས་ཆོས་ལ་ཐོག་མའི་དཔྱད་སྡུར་དང་མཇུག་མཐའི་དཔྱད་སྡུར་བཅས་བརྒྱུད་ནས། དཔྱད་འདེམས་མཇུག་འབྲས་དཔྱད་འདེམ་པའི་མིང་མི་འགོད་པའི་ལམ་ནས་འདེམས་ཤོག་འཕངས་ཏེ་ཕུལ་བྱུང་བརྩམས་ཆོས་གཏན་འབེབས་བྱ་རྒྱུ་ཡིན།

དྲུག  མ་དངུལ་རོགས་སྐྱོར།

གཙོ་སྒྲུབ་ལས་ཁུངས་ཀྱིས་བདམས་ཐོན་བྱུང་བའི་ཕུལ་བྱུང་བརྩམས་ཆོས་ལ་མ་དངུལ་ངེས་ཅན་གྱིས་རོགས་སྐྱོར་བྱ་རྒྱུ་ཡིན།

7.ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན།

གཙོ་སྒྲུབ་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་གསན་གཟིགས་ལེ་ཚན་ཞབས་ཕྱིའི་ལས་ཁུངས་སོ་སོར་རྩ་འཛུགས་བྱས་ནས་བྱེད་སྒོའི་སྟེང་ཞུགས་པའི་བརྩམས་ཆོས་དག་གཅིག་བསྡུས་ཀྱི་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། ཁྱོན་ཡོངས་ནས་ཕུལ་བྱུང་བརྩམས་ཆོས་ཀྱི་ཁྱབ་སྒྲོག་ནུས་པ་དང་ཤན་ཤུགས་ནུས་པ་མཐོར་འདེགས་གཏང་རྒྱུ་ཡིན།


བརྒྱད། ཕུལ་བྱུང་བརྩམས་ཆོས་ཡར་སྤྲོད།

དཔྱད་འདེམས་བྱས་པའི་ཕུལ་བྱུང་བརྩམས་ཆོས་དག བྱེད་སྒོའི་གཙོ་སྒྲུབ་ལས་ཁུངས་ཀྱིས་བརྩམས་ཆོས་ཀྱི་ནང་དོན་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་འཕྲིན་གྱི“བཅུ་ཅན་དྲུག”གི་སྤུས་ལེགས་ལས་གཞིའི་རྒྱབ་སྐྱོར་ནང་དུ་འཇོག་པ་དང་ལྷན་དུ། ལེགས་འདེམས་བགྱིས་ནས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཀྲུང་གོ་དྲ་ལམ་གསན་གཟིགས་ལེ་ཚན་ཞབས་ཕྱི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱེད་པའི་འབྲེལ་ཡོད་བྱེད་སྒོའི་ནང་དུ་ཡར་སྤྲོད་བྱ་རྒྱུ་ཡིན།


ལྔ་བ། བརྩམས་ཆོས་ཡར་སྤྲོད། 

 གཅིག  རྒྱུ་ཆ་ཡར་སྤྲོད།

 1.འགྲན་ཞུགས་བརྩམས་ཆོས་ཁ་ཚང་ཅན། (འོད་སྡེར་དངUསྡེར་རུ་ཉར་དགོས)

2. 《“མཚར་སྡུག་གི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པའི”དྲ་ལམ་གསར་རྩོམ་བརྙན་ཐུང་ལེ་ཚན་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོའི་མཚམས་སྦྱོར་རེའུ་མིག》 ཤོག་བུ་ཅན་དང་ཡང་ན་གློག་རྡུལ་འདྲ་བཤུ་ལ་ཐམ་ག་བརྒྱབ་ཡོད་པ་གཉིས་དགོས། (རེའུ་མིག་ཟུར་བཀོད་དང་པོར་ཡོད)

3. 《བདག་དབང་ཁག་ཐེག་ཡི་གེ》ཤོག་བུ་ཅན་དང་ཡང་ན་གློག་རྡུལ་འདྲ་བཤུ་ཐམ་ག་བརྒྱབ་ཡོད་པ་གཉིས་དགོས། (རེའུ་མིག་ཟུར་བཀོད་གཉིས་པར་ཡོད)

གཉིས། ཡར་སྤྲོད་བྱེད་སྟངས།

1. དྲ་ལམ་བརྒྱུད་པ། འབྲེལ་ཡོད་འགྲན་ཞུགས་བརྩམས་ཆོས་དང་ཡང་ན་རྒྱུ་ཆའི་སྤྲིན་སྡེར་སྦྲེལ་གནས་དེ་གཙོ་སྒྲུབ་ལས་ཁུངས་ཀྱིས་གཏན་ཁེལ་བྱས་ཡོད་པའི་ཡིག་སྒམ་དུ་བསྐུར་དགོས།

13519759040@163.com

2. སྦྲག་ཁང་བརྒྱུད་པ། འབྲེལ་ཡོད་འགྲན་ཞུགས་བརྩམས་ཆོས་ཡིག་ཆ་དེ་སྦྲག་ཁང་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དྲ་ལམ་གསན་གཟིགས་དོ་དམ་ཚན་ཁག་ལ་བསྐུར་དགོས།(青海省广播电视局网络视听节目管理处) བསྐུར་ཡུལ། ཀྲང་ཝུའུ་ཞང་།(张武祥) སྦྲག་ཨང་། 810008 བྱེད་སྒོའི་གཙོ་སྒྲུབ་ལས་ཁུངས་ཀྱིས་འགྲན་ཞུགས་རྒྱུ་ཆ་ཚང་མ་ཕྱིར་ལས་ཁུངས་དང་། ཚོགས་པ། མི་སྒེར་ལ་མི་བསྐུར།

3. བརྩམས་ཆོས་བསྡུ་རུབ་མཚམས་འཇོག་དུས་ཚོད།

བརྩམས་ཆོས་བསྡུ་རུབ་དུས་ཚོད་ནི2019ལོའི་ཟླ8པའི་ཚེས20ཉིན་ནས་ཟླ10པའི་ཚེས20ཉིན་བར་ཡིན། བསྐུར་བའི་ཉིན་མོ་ནས་བརྩི་རྒྱུ་ཡིན། འབྲེལ་གཏུག་མི་སྣ། ཀྲང་ཝུའུ་ཞང་། འབྲེལ་གཏུག་ཨང་གྲངས། 0971- 6320103


ཟུར་བཀོད། 

1.“མཚར་སྡུག་གི་ལོ་ངོ70 འབད་འཐབ་ཀྱི་དུས་རབས་གསར་པ”དྲ་ལམ་གསར་རྩོམ་བརྙན་ཐུང་ལེ་ཚན་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོའི་མཚམས་སྦྱོར་རེའུ་མིག

2. དྲ་ལམ་གསར་རྩོམ་བརྙན་ཐུང་བདག་དབང་ཁག་ཐེག་ཡི་གེ


མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།

2019ལོའི་ཟླ8པའི་ཚེས21ཉིན།


མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

དྲ་ལམ་གསར་རྩོམ་བརྙན་ཐུང་བརྩམས་ཆོས་བསྐུར་གནས།

764614911@qq.com

ཟླ9པའི་ཚེས6ཉིན་ནས་བཟུང་། གངས་ལྗོངས་མེ་ལོང་དྲ་བ་ནས་འགྲན་ཞུགས་བརྩམས་ཆོས་རྣམས་རིམ་པ་བཞིན་དུ་གཏང་རྒྱུ་ཡིན།


“མཚར་སྡུག་གི་ལོ་ངོ70 འབད་འཐབ་ཀྱི་དུས་རབས་གསར་པ”དྲ་ལམ་གསར་རྩོམ་བརྙན་ཐུང་ལེ་ཚན་ཕུལ་བྱུང་འགྲེམ་སྟོན་བྱེད་སྒོའི་མཚམས་སྦྱོར་རེའུ་མིག

作品名称

 

制作机构

 

类 别

□网络剧    □网络电影(含微电影)   □网络动画片

□网络纪录片  □网络新闻短视频 □其它

作品长度

(集数×时长)

 

首播平台及时间

 

播放网站及链接

 

作品权利人、主创人员

(须与版权承诺书一致)

内容简介

 

推荐单位意见

 

(盖章、签字):     日期:    年  月  日   

 

联系人

 

 

手  机

 

邮  箱

 

 






注:推荐单位意见由选送单位出具,或由制作机构、团体或个人填写。

附件2:

 

原创网络视听节目版权承诺书

 

本单位/本人就授权给“壮丽70年  奋斗新时代”-—庆祝新中国成立70周年、青海解放70周年原创网络视听节目推优展播活动的参评作品的版权和内容承诺如下:

1.本单位/本人保证具有签署本承诺书并履行相应义务的权利。

2.本单位/本人保证对授权作品合法拥有完整著作权、版权、邻接权及信息网络传播权及转授权,并同意授权活动主办方对作品进行非商业性质的宣传与推广。

3.本单位/本人保证所有授权作品的版权和内容不违反法律法规、不侵犯任何第三方的版权以及其他合法权利,对由授权作品的内容或权利瑕疵引发的争议及权利纠纷承担全部法律责任。

4.本单位/本人保证所有授权作品的相关信息真实有效。

 

承诺单位/人:                

联系电话:                  (盖章/签字):

地址:                            年   月   日