གསར་བྱུང་གློ་ཚའི་རིམས་ནད་ཀྱི་བདེ་ཐང་གསལ་བརྡ།
2020.01.23 ཁུངས། ཀློག་གྲངས། 558

ཉེ་ཆར། གསར་བྱུང་ཏོག་དབྱིབས་ནད་དུག་འགོས་ནད་ཅན་གྱི་གློ་ཚའི་རིམས་ནད་ཅིག་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་གནས་འགའ་ནས་བྱུང་། ཁྱེད་དང་བཟའ་ཚང་གི་བདེ་ཐང་གི་ཆེད་དུ། ཚང་མར་གསལ་འདེབས་དྲོན་མོ་ཞིག་ཞུ་བར་བྱ།

གཅིག  གལ་ཏེ་དམིགས་བསལ་གྱི་གནས་ཚུལ་མེད་ན། འགོག་བཅོས་ཀྱིས་མཚམས་འདིར་ཁྱེད་ཉིད་ཧུའུ་པེ་ཝུའུ་ཧན་དུ་མི་འགྲོ་བར་ཞུ།

གཉིས། མི་སྒེར་གྱི་འགོག་སྲུང་ལ་མཉམ་འཇོག་བྱས་ནས། ལག་པ་གཙང་བཀྲུ་དང་མཁའ་དབུགས་རྒྱུ་རུ་འཇུག་དགོས་ལ། གང་ནུས་ཅི་ཐུབ་ཀྱིས་སྤྱི་བའི་ཁོར་ཡུག་དང་མི་མང་སར་མ་འགྲོ།

གསུམ། ཉེ་ཆར་ཝུའུ་ཧན་གྲོང་ཁྱེར་ནས་མཚོ་སྔོན་དུ་ཡོང་བ་དང་། ཕྱིར་འགྲོ་བ་དག་གིས་རང་འགུལ་གྱིས་སྡོད་སའི་གཞིས་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ཕྱིན་ནས་ཐོ་འགོད་བྱ་དགོས།

བཞི། གལ་ཏེ་ཚ་རྒྱས་པ་དང་མིད་པ་འགག་པ་སོགས་ཀྱི་ནད་རྟགས་ཡོད་ཚེ།  ཁྱེད་ཉིད་དུས་ཐོག་ཏུ་སྨན་བཅོས་ལས་ཁུངས་ཀྱི་སྒོ་བསྟེན་སྨན་ཁང་དུ་ཕྱིན་ནས་སྨན་པ་སྟོན་དགོས། ཉེན་ཆེའི་གནས་ཚུལ་ལ་ཐུག་ཚེ་སྐུ་ཉིད་ཀྱིས་ས་གནས་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ལ་འབྲེལ་གཏུག་བྱ་རོགས།

འབྲེལ་གཏུག་ཁ་པར།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0971-8244530

ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0971-6265963

མཚོ་ཤར་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0972-8613918

མཚོ་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0977-8220150

མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0970-8642071

མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0974-8512275

རྨ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0973-8722935

མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0975-8385095

ཡུལ་ཤུལ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

0976-8827458

མཚོ་སྔོན་ཞིང་ཆེན་གསར་བྱུང་ཏོག་དབྱིབས་ནད་དུག་འགོས་ནད་གློ་ཚའི་རིམས་ནད་བཀོད་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་ནས།

2020ལོའི་ཟླ་དང་པོའི་ཚེས23ཉིན།