མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་རིག་རྩལ་ལེ་ཚན་སྣངས་ཆེན་གཉིས་གསར་དུ་བསྣན་པ།
2020.03.18 ཁུངས། ཀློག་གྲངས། 614

ཉེ་བའི་ལོ་ཤས་རིང་།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་འཆད་ཁྲིད་མུན་སེལ་སྒྲོན་མེ་དང་གླིང་སྒྲུང་འཛམ་གླིང་རྒྱན་གཅིག་ཏུ་ནང་དོན་གསར་བ་ཁག་ཅིག་སྔ་རྗེས་སུ་སྒྲ་ཕབ་སྒྲིག་སྦྱོར་ཀྱི་ལས་ཀ་ཚགས་སུ་ཆུད་པར་བྱས་པ་དང་།  སྒོས་སུ་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་གཉིས་ལ་བསྒྲུབས་པ་དེས། དུས་རབས་གསར་བའི་བོད་སྐད་རླུང་འཕྲིན་གྱིས་དམངས་ཁྲོད་རིག་རྩལ་ལེ་ཚན་འཚོལ་སྡུད་རྒྱུན་འཛིན་དང་ཉར་ཚགས་སླར་གསོའི་ཐད་དེ་བས་ཀྱང་དགེ་མདངས་རབ་ཏུ་གསལ་བའི་གྲུབ་འབྲས་མི་དམན་པ་བླངས་ཡོད།      དེ་ལྟ་ནའང་སྤྱི་ལོ་ཉིས་སྟོང་བཞི་ལོའི་ཚུན་ལ།  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་ཆེ་ཕྱོགས་ནས་ལེ་ཚན་གཏོང་བའི་དུས་ཚོད་དང་ནང་དོན་གཉིས་ཐད་དུ་ཆ་ཡོངས་ནས་ལེགས་སྒྲིག་གི་སྦྱོར་བ་རྒྱ་ཆེར་མ་སྤེལ་བའི་དབང་གིས། དུས་ལྟར་སྒྲ་ཕབ་སྒྲིག་སྦྱོར་བྱས་པའི་ལེ་ཚན་ཆ་ཚང་དུས་ལྟར་དམིགས་བཀོད་ཀྱི་ལེ་ཚན་བརྒྱུད་ནས་རྒྱ་ཆེའི་གསན་མཁན་ལྷན་རྒྱས་ཀྱི་སྙན་ལ་དབུལ་བར་ཚད་བཀག་ངེས་ཅན་ཞིག་ཐེབས་ཀྱིན་ཡོད་པའི་གནད་དོན་དེ་ཐག་གཅོད་བྱ་ཆེད།  ད་ལོའི་སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ནས་བཟུང་།  བོད་སྐད་རླུང་འཕྲིན་གྱི་ཉིན་ཧྲིལ་པོའི་ལེ་ཚན་གཏོང་བའི་སྔར་མལ་གྱི་དུས་ཚོད་ལ་འོས་འཚམ་གྱིས་ལེགས་སྒྲིག་བྱས་ཏེ། སྔ་དྲོའི་ལེ་ཚན་དུ 《ཤེལ་དཀར་མེ་ལོང》 ཞེས་པའི་གཏོང་ཡུན་ཆུ་ཚོད་གཅིག་རིང་གི་ལེ་ཚན་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་ལེ་ཚན་དེར་གླིང་སྒྲུང་གཙོས་སློབ་དཔོན་ཆེན་མོའི་འཆད་ཁྲིད་དང་རྩོམ་པ་པོ་གྲགས་ཅན་གྱི་རྩོམ་རིག་བརྩམས་ཆོས་རོལ་མྱོང་སོགས་འདུ།  དགོང་མོའི་ལེ་ཚན་དུ་བོད་ཀྱི་གཏམ་དཔེ་དང་གླུ་ཤགས།  དམངས་གླུ།  ཁ་ཤགས།  བཞད་གར།  དེང་གཞས་དང་སྒྲ་སྙན་རྡུང་ལེན།  རླུང་འཕྲིན་འཁྲབ་གཞུང་སོགས་སྣ་འཛོམས་ཀུན་འདུས་རང་བཞིན་གྱི《ཁྲོམ་ཆེན་འདུ་ར》ཞེས་པའི་གཏོང་ཡུན་དུས་ཚོད་གཅིག་རིང་གི་ལེ་ཚན་གསར་དུ་ཁ་སྣོན་བྱས་ཡོད་པ་དང་།  སྔར་གྱི་དགོང་མོའི་ཆུ་ཚོད9:00----10:00དབར་གྱི《བདེ་ཐང་མཛུབ་སྟོན》ཐད་གཏོང་ལེ་ཚན་གཏོང་མཚམས་འཇོག་རྒྱུ་ཡིན། ལེགས་སྒྲིག་རྗེས་ཀྱི་ལེ་ཚན་གཏོང་བའི་དུས་ཚོད་གཤམ་དུ་བཀོད་པ་ལྟར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་གཏོང་བའི་རེའུ་མིག

(2020ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ)

6:50—7:00

མགོ་རྩོམ་པའི་སྔོན་འགྲོའི་རོལ་མོ་དང་ཉིན་ཧྲིལ་པོའི་ལེ་ཚན་སྔོན་བརྡ།

གཏོང་ཡུན(སྐར)10

7:00—8:00

ཀྲུང་དབྱང་བོད་སྐད་རླུང་འཕྲིན་གྱི《རྒྱལ་ཡོངས་གསར་འགྱུར་མཉམ་སྒྲོག》ལེ་ཚན་བརྒྱུད་གཏོང་བྱེད་པ།

གཏོང་ཡུན(སྐར)60

8:00—8:30

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར(ཐད་གཏོང)

གཏོང་ཡུན(སྐར)30

8:30—9:30

《ཤེལ་དཀར་མེ་ལོང》(རེས་གཟའ་ཟླ་བ། ལྷག་པ།   པ་སངས་བཅས་ལ་གླིང་སྒྲུང་འཛམ་གླིང་རྒྱན་གཅིག་གསར་གཏོང)(རེས་གཟའ་མིག་དམར།   ཕུར་བུ།    སྤེན་པ་བཅས་ལ་འཆད་ཁྲིད་མུན་སེལ་སྒྲོན་མེ་གསར་གཏོང)(རེས་གཟའ་ཉི་མར་བདེ་ཐང་མཛུབ་སྟོན་གཏོང་རྒྱུ)

གཏོང་ཡུན(སྐར)60

9:30—10:30

འགྲུལ་བཞུད་ལམ་སྟོན་སྒྲོན་མེ། (རེས་གཟའ་ཟླ་བ། མིག་དམར།   ལྷག་པ། ཕུར་བུ།  པ་སངས། སྤེན་པ།  ཉི་མ་བཅས་ལ་ཐད་གཏོང་བྱ་རྒྱུ)

གཏོང་ཡུན(སྐར)60

10:30—11:00

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར(བསྐྱར་གཏོང)

གཏོང་ཡུན(སྐར)30

11:00—12:00

375ཐད་གཏོང་ཁང་།   (བསྐྱར་གཏོང)

གཏོང་ཡུན(སྐར)60

12:00—12:10

དུས་ཐོག་གསར་འགྱུར། (ཐད་གཏོང་།   ལེ་ཚན་གྱི་མགོ་མཇུག་ཏུ་ཉིན་གུང་གི་གནམ་གཤིས་གནས་ཚུལ་སྒྲོག་པ)

གཏོང་ཡུན(སྐར)10

12:10—13:00

ན་ཆུང་བྱིས་པའི་དགའ་ཚལ།    (བསྐྱར་གཏོང)

གཏོང་ཡུན(སྐར)50

13:00—14:00

སློབ་རའི་འགྱུར་ཁུགས།    (རེས་གཟའ་ཟླ་བ།   ལྷག་པ། པ་སངས་བཅས་ལ་ཐད་གཏོང་།    རེས་གཟའ་མིག་དམར། ཕུར་བུ། སྤེན་པ། ཉི་མར་བསྐྱར་གཏོང་བྱ་རྒྱུ)

གཏོང་ཡུན(སྐར)60

14:00—15:00

གངས་ལྗོངས་གསེར་ཟམ། (བསྐྱར་གཏོང་།   གཟའ་འཁོར་རེའི་རེས་གཟའ་མིག་དམར་གྱི་ཕྱི་དྲོའི་ཆུ་ཚོད14:00—16:55དབར་སྒྲིག་ཆས་ལ་ཞིག་གསོ་བྱ་བཞིན་ཡོད།)

གཏོང་ཡུན(སྐར)60

15:00—15:10

རྒྱལ་སྤྱིའི་གསར་འགྱུར། (རེས་གཟའ་ཟླ་བ།  མིག་དམར།    ལྷག་པ། ཕུར་བུ།    པ་སངས་བཅས་ལ་ཐད་གཏོང་།    རེས་གཟའ་སྤེན་པ་དང་ཉི་མ་གཉིས་ལ་སྒྲར་བླངས་ནས་གཏོང་རྒྱུ)

གཏོང་ཡུན(སྐར)10

15:10—16:10

བར་སྣང་འཕྲིན་གྱི་ཕོ་ཉ། (བསྐྱར་གཏོང)

གཏོང་ཡུན(སྐར)60

16:10—17:10

སློབ་རའི་འགྱུར་ཁུགས།    (བསྐྱར་གཏོང)

གཏོང་ཡུན(སྐར)60

17:10—18:00

ན་ཆུང་བྱིས་པའི་དགའ་ཚལ། (རེས་གཟའ་ཟླ་བ།   ལྷག་པ། པ་སངས་བཅས་ལ་ཐད་གཏོང་། རེས་གཟའ་མིག་དམར།    ཕུར་བུ། སྤེན་པ། ཉི་མ་བཅས་ལ་བསྐྱར་གཏོང་བྱ་རྒྱུ)

གཏོང་ཡུན(སྐར)50

18:00—19:00

གངས་ལྗོངས་གསེར་ཟམ།    (གསར་གཏོང)

གཏོང་ཡུན(སྐར)60

19:00—19:30

གསར་འགྱུར་མཉམ་སྒྲོག(གསར་གཏོང)

གཏོང་ཡུན(སྐར)30

19:30—20:30

བར་སྣང་འཕྲིན་གྱི་ཕོ་ཉ། (རེས་གཟའ་ཟླ་བ།  ལྷག་པ།    པ་སངས་བཅས་ལ་ཐད་གཏོང་།  375ཐད་གཏོང་ཁང་།   རེས་གཟའ་མིག་དམར།  ཕུར་བུ།   སྤེན་པ་བཅས་ལ་ཐད་གཏོང་།   གཟའ་ཉི་མར་བསྐྱར་གཏོང་བྱ་རྒྱུ)

གཏོང་ཡུན(སྐར)60

20:30—21:30

ཁྲོམ་ཆེན་འདུ་ར། རེས་གཟའ་ཟླ་བ།  ལྷག་པ།    པ་སངས་བཅས་ལ་གསར་གཏོང་།    རེས་གཟའ་མིག་དམར།  ཕུར་བུ།   སྤེན་པ།    ཉི་མ་བཅས་ལ་བསྐྱར་གཏོང་བྱ་རྒྱུ)

གཏོང་ཡུན(སྐར)60

21:30—22:30

《ཤེལ་དཀར་མེ་ལོང》(རེས་གཟའ་ཟླ་བ། ལྷག་པ།   པ་སངས་བཅས་ལ་འཆད་ཁྲིད་མུན་སེལ་སྒྲོན་མེ་དང་རྩོམ་རིག་པད་མའི་སྐྱེད་ཚལ་བསྐྱར་གཏོང)(རེས་གཟའ་མིག་དམར། ཕུར་བུ།    སྤེན་པ་བཅས་ལ་གླིང་སྒྲུང་འཛམ་གླིང་རྒྱན་གཅིག་བསྐྱར་གཏོང)(རེས་གཟའ་ཉི་མར་བདེ་ཐང་མཛུབ་སྟོན་གཏོང་རྒྱུ)

གཏོང་ཡུན(སྐར)60

22:30—23:00

གསར་འགྱུར་མཉམ་སྒྲོག (བསྐྱར་གཏོང)

གཏོང་ཡུན(སྐར)30

23:00—23:55

སྡེ་ཆེན་རྩེད་ར། (རེས་གཟའ་ཟླ་བ།   ལྷག་པ། པ་སངས་བཅས་ལ་གསར་གཏོང་། རེས་གཟའ་མིག་དམར།  ཕུར་བུ། སྤེན་པ།   ཉི་མ་བཅས་ལ་བསྐྱར་གཏོང་བྱ་རྒྱུ)

གཏོང་ཡུན(སྐར)55

23:55—00:00

ཉིན་ཧྲིལ་པོའི་ལེ་ཚན་མཇུག་བསྡུ་བ།

གཏོང་ཡུན(སྐར)5