ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་པའི་པར་རིས་བརྩམས་ཆོས་བསྡུ་རུབ་ཀྱི་བརྡ་སྦྱོར།
2021.03.29 ཁུངས། ཀློག་གྲངས། 618

གཅིག  བྱ་འགུལ་ངོ་སྤྲོད།

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་པ་དང་། བརྗོད་བྱ་གཙོ་བོ་དར་སྤེལ་དང་སྣ་མང་ཅན་འདོན་སྤྲོད། གངས་ལྗོངས་མེ་ལོང་དྲ་བའི་པར་རིས་ཆེད་སྒྲིག་ལེ་ཚན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྒྱ་ཆེའི་པར་ལེན་མཁན་ཚོའི་གསར་རྩོམ་གྱི་གསོན་ཤུགས་ཇེ་འཕེལ་དང་། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་དང་ཁ་ཐག་ཉེ་ཞིང་དྲང་ནུས་ཀྱི་ཕུལ་བྱུང་པར་རིས་བརྩམས་ཆོས་སྔོག་འདོན་དང་འཚོལ་ཞིབ་བྱ་ཆེད། མི་ཆོས་ཡུལ་ལྗོངས་དང་། འཕོ་འགྱུར་ཉམས་སྣང་། དམངས་སྲོལ་གོམས་གཤིས། སྤྱི་ཚོགས་འཚོ་བ་སོགས་རྟེན་གཞིར་བཟུང་ནས་པར་ལེན་སྒྱུ་རྩལ་སྤྱད་དེ་བོད་འབྲེལ་ས་ཁུལ་གྱི་ལས་རིགས་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་གང་ལེགས་མཚོན་པར་བྱ་ཆེད། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བས་སྔར་ཡོད་ཀྱི་པར་རིས་ལེ་ཚན་གྱི་རྨང་གཞིའི་སྟེང“ལོ་བརྒྱའི་གྲུབ་འབྲས། རབ་མཛེས་མཚོ་སྔོན”ཞེས་པ་བརྗོད་དོན་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་པར་ལེན་བརྩམས་ཆོས་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་འཆར་ཡིན་ལ། བདམས་ཐོན་བྱུང་བའི་བརྩམས་ཆོས་ཚང་མ་གངས་ལྗོངས་མེ་ལོང་དྲ་བ་དང་།གངས་ལྗོངས་མེ་ལོངAPP  ཉིན་རེའི་གངས་ལྗོངས་སྐད་འཕྲིན་སྤྱི་སྟེགས་སོགས་ནས་འགྲེམ་སྟོན་བྱ་རྒྱུ། བདམས་ཐོན་བྱུང་བའི་བརྩམས་ཆོས་ཚང་མ་དྲ་དམངས་ཀྱིས་འདེམས་ཤོག་འཕེན་པ་དང་ཆེད་མཁས་པའི་དཔྱད་འདེམས་བྱ་ཐབས་སྤྱད་དེ་བྱ་དགའ་སྟེར་རྒྱུ་ཡིན།

གཉིས། བྱ་འགུལ་གྱི་བརྗོད་སྙིང་།

ལོ་བརྒྱའི་གྲུབ་འབྲས། རབ་མཛེས་མཚོ་སྔོན།

གསུམ། བརྩམས་ཆོས་ཀྱི་ཆ་རྐྱེན།

1. ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་པ་གཙོ་གཞི་བྱས་ནས་བཅོས་སྒྱུར་སྒོ་འབྱེད་དང་།མཁར་གྲོང་འཕེལ་རྒྱས།དབུལ་ཐར་མཁྲེགས་གཏོར། རིམས་ནད་འགོག་རྒོལ། སྐྱེ་ཁམས་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སོགས་བརྗོད་གཞིར་བཟུང་ནས། རབ་མཛེས་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་། གྲོང་ཁྱེར་གྱི་རྣམ་པ། རིག་གནས་སྣང་ཚུལ་སྣ་ཚོགས་། དམངས་སྲོལ་གོམས་གཤིས། རིག་གནས་ཡུལ་སྐོར་སོགས་ཀྱི་ནང་དོན་གང་ལེགས་མཚོན་པའི་བརྩམས་ཆོས་བསྡུ་རྒྱུ་ཡིན་ཞིང་།བརྗོད་དོན་མངོན་གསལ་དོད་ཅིང་། མཐོང་ཚོར་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་དགོས།

2 བརྩམས་ཆོས་ཚང་མ་དྲ་ལམ་བརྒྱུད་ནས་བསྐུར་དགོས་པ་ཁ་བྱང་ལ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་པར་རིས་བརྩམས་ཆོས་ཞེས་ཁ་གསལ་དགོས། བརྩམས་ཆོས་བསྐུར་བའི་ཡིག་སྒམ523761740@qq.com ཡིན།

3  ངེས་པར་ཡིད་འཇོག་བྱེད་དགོས་པའི་དོན་ཚན།

བརྩམས་ཆོས་ངེས་པར་དུ་ཁ་པར་དང་པར་ཆས་ཀྱིས་བརྒྱབ་པའི་བརྩམས་ཆོས་གསར་བ་ཡིན་དགོས།

བདམས་ཐོན་བྱུང་བའི་བརྩམས་ཆོས་དག་གི་རྩོམ་གྱི་བདག་དབང་དང་། མཚན་སྙན་ཐོབ་དབང་།གཟུགས་བརྙན་བདག་དབང་། གསང་དབང་། ཤེས་བྱའི་བདག་དབང་སོགས་ ་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་དང་འབྲེལ་བའི་རྩོད་གཞི་ཡོད་ན། རྩོམ་སྐུར་མཁན་རང་ཉིད་ཀྱིས་འགན་འཁུར་རྒྱུ་དང་། སྒྲིག་ལམ་དང་འགལ་བའི་བརྩམས་ཆོས་དག་བྱ་འགུལ་ལ་ཞུགས་པའི་ཐོབ་ཐང་མེད་པར་གཏོང་རྒྱུ་ཡིན། རིགས་གཅིག་པའི་པར་རིས་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་བརྩམས་ཆོས་ད་ཐེངས་ཀྱི་བརྩམས་ཆོསབསྡུ་རུབ་ཁྲོད་ཞུགས་མི་ཆོག་པ་དང་། གལ་ཏེ་བརྩམས་ཆོས་ཞིབ་བཤེར་བྱས་པ་བརྒྱུད་དེའི་རིགས་ཀྱི་བརྩ་མས་ཆོས་ཡོད་ཚེ་བྱ་དགའ་ཐོབ་པའི་ཐོབ་ཐང་མེད་པ་བཟོ་ངེས།

བརྩམས་ཆོས་བསྐུར་དུས་རྩོམ་པ་པོའི་མིང་དང་། ལས་ཁུངས། འབྲེལ་གཏུག་ཁ་པར། བརྩམས་ཆོས་ཀྱི་ཁ་བྱང་དང་གསལ་བཤད་མདོར་བསྡུས་འབྲི་དགོས་པ་དང་། བརྩམས་ཆོས་ཚང་མ་དོན་དངོས་ཟིན་ཐོ་རང་བཞིན་གྱི་པར་རིས་བརྩམས་ཆོས་དངོས་མ་ཡིན་དགོས་ལ། པར་རིས་ལ་སྟབས་བདེའི་ལེགས་སྒྲིག་བྱེད་པ་ལས་སྒྲིག་སྦྱོར་དང་ཁ་སྣོན།། ཚོན་མདོག་སྒྱུར་བ་སོགས་ཀྱི་ལག་རྩལ་བཀོལ་བའི་བརྩམས་ཆོས་བསྡུ་རྒྱུ་མིན། བརྩམས་ཆོས་Jpgལམ་ནས་བསྐུར་དགོས་ལ་ཆེ་ཆུང་5Mལས་བརྒལ་མི་ཆོག  རྩོམ་པ་པོ་གཅིག་གིས་ཆེས་མང་ན་བརྩམས་ཆོས10དང་། ཚོགས་སྒྲིག་བརྩམས་ཆོས1(བརྩམས་ཆོས5རེ)ལས་བསྐུར་མི་ཆོག

4 འགྲེམ་སྟོན་བྱ་འགུལ་ལ་རིན་མི་ལེན་པ་དང་།  བདམས་ཐོན་བྱུང་བའི་བརྩམས་ཆོས་ཚང་མར་རྩོམ་ཡོན་ཡོད་ལ་བརྩམས་ཆོས་རང་ཉིད་ལ་ཕྱིར་བསྐུར་མི་ཐུབ། རྩོམ་པ་པོར་མིང་འགོད་པའི་དབང་ཆ་ཡོད་པ་དང་། གཙོ་སྒྲུབ་ལས་ཁུངས་ལ་བརྩམས་ཆོས་སྤྱོད་དབང་དང་འགྲེམ་སྟོན་བྱེད་དབང་ཡོད་པས་རྩོམ་ཡོན་ལས་གཞན་དམིགས་བསལ་གྱི་རིན་པ་མེད།

5 བྱ་དགའི་རྣམ་གྲངས་ལ་དམིགས་བསལ་བྱ་དགའ་གཅིག་དང་།ཨང་དང་པོ་གཉིས། ཨང་གཉིས་པ་བཞི།  ཨང་གསུམ་པ་བརྒྱད།  ཕུལ་བྱུང་བྱ་དགའ་བཅུ་བཅས་ཡོད།

འགྲེམ་སྟོན་ནང་ཚུད་པའི་བརྩམས་ཆོས་ལ་ལག་རྟགས་གནང་བ་དང་།བྱ་དགའ་གནང་བའི་ཉིན་མོར་བྱ་དགའ་ཐོབ་མཁན་ཚོ་ངེས་པར་དུ་ཡུལ་དངོས་ལ་དུས་ཐོག་ཏུ་བྱ་དགའ་ལེན་དུ་ཡོང་དགོས།གལ་ཏེ་མ་ཐོན་ན་རང་འགུལ་གྱིས་བྱ་དགའ་བློས་བཏང་པར་བརྩི་ངེས།

བཞི། བྱ་འགུལ་གྱི་དུས་ཡུན།

2021ལོའི་ཟླ་3ཚེས25ཉིན་ནས་2021ལོའི་ཟླ་6ཚེས་10ཉིན་བར།


红色百年  聚焦青海

——献礼建党100周年摄影作品征稿启事

一、活动概述

百年风雨兼程,世纪沧桑巨变。为喜迎中国共产党建党100周年,弘扬主旋律、讴歌党的丰功伟绩,丰富祥云网摄影专栏内容,激发广大摄影爱好者的创新创作活力,进一步挖掘探索接地气、正能量的优秀摄影作品,以人文景观、风貌变迁、民俗风情、社会生活等为载体,运用影像艺术充分反映涉藏地区各行各业经济社会发展的显著成就。青海广播电视台祥云网在原有摄影栏目的基础上举办“红色百年  聚焦青海”为主题的庆祝建党100周年摄影作品征集活动。所有入选作品通过祥云网、金格桑APP、雪域头条公众号等平台展播。入选作品采用线上网民投票和线下专家评审选评方式对作品进行评奖。

二、活动主题:

红色百年  聚焦青海

三、作品要求:

1、以迎接建党100周年为主线,以改革开放、城市发展、脱贫攻坚、抗击疫情、生态保护和社会主义精神文明建设为主题,充分展示大美青海自然景观、城市风貌、人文历史、民俗风情、文化旅游等内容。

作品主题突出,富有视觉冲击力和艺术感染力。

2、投稿作品一律通过网络投送,需在邮件标题中注明“建党100周年摄影征稿”字样。投稿邮箱:523761740@qq.com

3、征集要求及注意事项:

投稿作品须为手机和相机拍摄的原创作品。

所有入选作品如涉及著作权、名誉权、肖像权、隐私权、知识产权等或其他合法权利的纠纷,均由投稿者本人负责,违规作品将被取消活动资格。谢绝接受各类摄影大赛获过奖的作品,如有投稿,一律不参加本次征集评奖;如有作品获奖,经查属实,取消其获奖资格。

投稿者务必注明:作者姓名、工作单位、联系电话、作品标题及简短文字说明;所有作品均为真实纪录性摄影作品,只能作对比度、饱和度、反差等简单调整,不能改变照片原始影像组合,不收做合成、添加、大幅度改变色彩等技术处理的电脑创意作品。彩色、黑白均可。相机、手机拍摄不限;作品需提交Jpg文件,文件大小不超过5M。每位作者投稿作品不超过10张,组照为1幅(每组不超过5张)。

4、本次活动不收费,作品不退还,所选作品均有稿费。作者享有署名权,主办方对所有作品有使用权、展播权,不再另付稿酬。

5、奖项设置:

特等奖1名,一等奖2名,二等奖4名,三等奖8名,优秀奖10名。

入展作品颁发入展证书,主办方在此提醒大家,颁奖当日,所有获奖人员必须现场领奖,否则视为主动放弃。

四、活动时间

2021年3月25日至2021年6月10日

五、联系方式

联系人:华果

联系电话:183-9711-0705