|
བཀའ་དྲིན་ཞུ་ཡིག |
|
| རྡེབ་ཚད། |
2596 |
དུས་ཚོད་། |
2009-04-29 19:44:13.0 |
ཡི་གེའི་ཆེ་ཆུང་། ༼ ཆེ། འབྲིང་། ཆུང་། ༽ |
|
|
མཛའ་ཞིང་བརྩེ་བའི་གྲོགས་པོ་རྣམ་པ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་མ་སྨན་ལྷ་སྟེ་ཕ་ཡུལ་ཟི་ཁྲོན་ཞིང་ཆེན་ཧོང་ཡོན་རྫོང་བསང་དཀར་ཞང་བསང་དཀར་སྟོད་མ་ཡིན།ན་ནིང་ཁོ་མོའི་ཡུལ་གྱི་ཁང་ཁྱིམ་མེས་འཚིགས་པ་དང་ཕུ་བོ་རླངས་འཁོར་གྱི་དོན་རྐྱེན་ལས་ཚེ་ལས་འདས་པ་སོགས་རྐྱེན་ངན་རབས་དང་རིམ་པ་བྱུང་བར་མ་ཟད།ད་ལོར་ཡང་སློབ་ཆེན་མཐར་ཕྱིན་ལ་ཉེ་བའི་ཁོ་མོ་ལ་མི་བཟད་ནད་ཀྱིས་བཏབས་ནས་སྨན་ཁང་དུ་འདུག་དགོས་བྱུང་།ཡིད་ཕངས་བ་ཞིག་ལ་སྤྱི་ལོ་༢༠༠༩ལོའི་ཟླ་༤པའི་ཚེས་༢༨ཉིན་སྨན་བཅོས་བྱས་ཀྱང་ཕན་མ་ཐོག་པར་ང་ཚོ་དང་གཏན་དུ་གྱེས་པ་རེད། འདིར་ཆེད་དུ་ཞུ་དོན་ནི་སློབ་གྲོགས་སྨན་ལྷ་ཁོ་མོ་སྨན་ཁང་དུ་ཡོད་པའི་སྐབས་དེར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་སློབ་ཆེན་ནོར་སྲིད་སློབ་གླིང་།མཚོ་སྔོན་ཨ་རུ་བོད་སྨན་བཟོ་གྲྭ མཚོ་སྔོན་འཇིགས་མེད་བོད་སྨན་བཟོ་གྲྭ མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་སོགས་ཀྱི་བྱམས་བརྩེ་ཡི་ཕྱག་ཟུང་ཡངས་པའི་གྲོགས་པོ་དག་གིས་སྒོར་ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱ་དང་བཅུ་གཉིས༡༣༨༡༢ཀྱི་རོགས་སྐྱོར་གནང་བས་ང་ཚོས་མི་ཕྱེད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཚེ་འདས་སློབ་གྲོགས་འདི་དང་དེའི་ཁྱིམ་མིའམ་གྲོགས་པོ་ཡོངས་ཀྱི་ཚབ་བྱས་ནས་ཁྱེད་ཚོའི་བརྩེ་སེམས་ལ་ཁ་མིན་དོན་གྱིས་བཀའ་དྲིན་ཆེ་ཞུ་ཞུ། ཞེས་མཚོ་སྔོན་གསོ་རིག་སློབ་གླིང་གི་སློབ་མའི་ཚོགས་པ་དང་༠༤ལོའི་བོད་ལུགས་གསོ་རིག་འཛིན་གྲྭ་ནས། སྤྱི་ལོ༢༠༠༩ལོའི་ཟླ་༤་པའི་ཚེས་༢༩ཉིན།
|
|
|
|
|