སྙིང་ཉེ་བའི་གྲོགས་པོ་ལགས། ཁྱེད་རང་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་
༄༅།། རླུང་འཕྲིན་དོ་ར།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འོད་ཟེར་མཚོ་སྔོན་བོད་སྐད་རླུང་འཕྲིན་ལ་ལོ་སར་གྱི་འཚམས་འདྲི་བྱེད་དུ་འོང་བ།
དུས་ཚོད་།
2010-02-14 11:46:20.0 རྡེབ་ཚད། 2277

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

༼བོད་ལྕགས་ཕོ་སྟག་ལོའི་གནམ་ལོ་གསར་བའི་གནའ་མཁར་ཟི་ལིང་གྲོང་གི་མཚན་ལྗོངས།༽

             བོད་ལྕགས་ཕོ་སྟག་ལོའི་ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོ།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འོད་ཟེར་མཚོ་སྔོན་བོད་སྐད་རླུང་འཕྲིན་ལ་ལོ་སར་གྱི་འཚམས་འདྲི་བྱེད་དུ་འོང་།

            བོད་ལྕགས་ཕོ་སྟག་ལོར།  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རྒྱ་ཆའི་ཉན་མཁན་རྣམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད།  «གནམ་གང་བཀྲ་ཤིས་གཡང་འཁྱིལ» དང་།   «ལོ་བརྒྱ་བཀྲ་ཤིས་སྐྱེམས་བཟང» «བཀྲ་ཤིས་རྒན་པོའི་ལོ་སར་གངས་སེང་དཀར་མོའི་དགྱེས་འཛོམས» «བཀྲ་ཤིས་དར་མའི་ལོ་སར་རྒྱ་སྟག་དམར་པོའི་རྩེད་འགྲོས» «བཀྲ་ཤིས་བྱིས་པའི་ལོ་སར་སྨིན་དྲུག་ཕྲ་མོའི་མཆོད་བསྟོད»བཅས་ལོ་སར་ཆེད་སྒྲིག་ཐད་གཏོང་ལེ་ཚན་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་ཡོད་པར་མ་ཟད། 375ཐད་གཏོང་ཁང་དང་སློབ་རའི་འགྱུར་ཁུགས། བར་སྣང་འཕྲིན་གྱི་ཕོ་ཉ། གངས་ལྗོངས་གསེར་ཟམ། བདེ་ཐང་མཛུབ་སྟོན། ན་ཆུང་བྱིས་པའི་དགའ་ཚལ། རྩོམ་རིག་པདྨའི་སྐྱེད་ཚལ་སོགས་ལེ་ཚན་དག་གིས་ཀྱང་ལོ་སར་ཆེད་སྒྲིག་ལེ་ཚན་སྐོར་ཞིག་སྒྲ་བླངས་ཏེ་སྒྲིག་སྦྱོར་བཀོད་སྒྲིག་བྱས་ཡོད་ལ། གཞན་གཉིས་སྟོང་དགུ་ལོར་ཕབ་བསྐྲུན་བྱས་ཟིན་པའི་རིག་རྩལ་སྤྲོ་ཚོགས་སྐོར་ཞིག་ཀྱང་ལེགས་སྒྲིག་བྱས་ནས་རྒྱ་ཆེའི་ཉན་མཁན་རྣམ་པའི་སྙན་ལམ་དུ་ཕུལ་ཡོད་པས། རྒྱ་ཆེའི་ཉན་མཁན་མི་ཉུང་བ་ཞིག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད།

          མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འོད་ཟེར་གྱིས་མཚོ་སྔོན་བོད་སྐད་རླུང་འཕྲིན་ལ་ལོ་སར་གྱི་འཚམས་འདྲི་བྱེད་སྐབས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་གིས་འདས་པའི་ལོ་མང་པོའི་རིང་དུ་རྒྱ་ཆེའི་ཉན་མཁན་རྣམས་ལ་ཉན་སྤྲོ་བའི་ལེ་ཚན་མང་པོ་ཞིག་བཀོད་སྒྲིག་བྱས་པར་ཅུའུ་ཏང་ཙུའུ་ཡི་འབྲེལ་ཡོད་མགོ་ཁྲིད་རྣམ་པའི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུས་པར་མ་ཟད། མཚོ་སྔོན་བོད་སྐད་རྒྱང་སྒྲོག་གི་བྱ་བ་ལ་གདེང་འཇོག་ཚད་མཐོན་པོ་གནངས་ཤིང་ལོ་སར་ལ་ཁྱིམ་མི་ལྷན་འཛོམས་བྱུང་མ་ཐུབ་པའི་རང་རེ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡོངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འོད་ཟེར་གྱིས་མཚོ་སྔོན་བོད་སྐད་

རླུང་འཕྲིན་ལ་ལོ་སར་གྱི་འཚམས་འདྲི་བྱེད་བཞིན་པ།

མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཐེ་ཀྲང་གཞོན་པ་རྡོ་རྗེ་རིན་ཆེན་གྱིས་ཡུལ་མི་ལྷན་མཛོམས་

བྱུང་མ་ཐུབ་པའི་ལས་བྱེད་མི་སྣ་ཡོངས་དང་མཉམ་དུ་རྒྱ་ཆེའི་ཉན་མཁན་རྣམ་པར་

ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ་དབྱངས་ཅན་དང་མགོ་འཛིན་པ་ཚེ་མགོན། ལྷ་རྒྱལ་བཀྲ་ཤིས།

ཁྲིད་གཏོང་བ་རིན་ཆེན་འཚོ་བཅས་ཀྱིས་གནམ་གང་བཀྲ་ཤིས་གཡང་འཁྱིལ་ཞེས་པའི་ལོ་སར་ཆེད་སྒྲིག་

ཐད་གཏོང་ལེ་ཚན་མཇུག་རྫོགས་རྗེས་ཉན་མཁན་ལྷན་རྒྱས་ཡོངས་ལ་

ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།

མགོ་འཛིན་པ་དཔའ་བརྟན་རྒྱལ་གྱིས་ལོ་བརྒྱ་བཀྲ་ཤིས་སྐྱེམས་བཟང་ཞེས་པའི་ལོ་སར་

ཆེད་སྒྲིག་ཐད་གཏོང་ལེ་ཚན་ལ་མགོ་འཛིན་བྱེད་བཞིན་པ།

ཁྲིད་གཏོང་བས་རྒྱ་ཆེའི་ཉན་མཁན་རྣམ་པའི་ཁ་པར་སྣེ་ལེན་བྱེད་བཞིན་པ།

གསར་འགྱུར་ཚན་ཁག་གིས་དུས་ལྟར་གསར་འགྱུར་ལོ་ཙཱ་བྱེད་བཞིན་པ།

བོད་ཁ་བ་ཅན་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ།

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་ལས་འོད་སྣང་ཕྱོགས་བཅུར་འཕྲོ་བའི་སྨོན་འདུན་ཞུ།

 

གསར་འགོད་པ།   ལྷ་རྒྱལ་བཀྲ་ཤིས།   

 
༄༅།། ལེ་ཚན་གཞན་དག
གཙོ་ངོས།
གསར་འགྱུར།
སྲིད་དོན་གསར་འགྱུར།
རྒྱལ་སྤྱི་གསར་འགྱུར།
བོད་ཁམས་གསར་འགྱུར།
པར་རིས་གསར་འགྱུར།
ཆེད་བསྒྲིགས།
འུ་ཅག་གི་སེམས་གཏམ།
གཏམ་གསར་གླིང་ཀ
རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།
ཁྲིམས་ལུགས་དང་སྤྱོད་ལམ།
ཐད་གཏོང་ལེ་ཚན།
༣༧༥ཐད་གཏོང་ཁང་།
སློབ་རའི་འགྱུར་ཁུགས།
བཞུད་ལམ།
བདེ་ཐང་མཛུབ་སྟོན།
སྐབས་དོན།
 
 
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号