གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས།
ཟླ8པའི་ཚེས་4ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་བཞི་བའི་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་གྱི་ཟི་ལིང་མགྲོན་ཁང་ནས་ཚོགས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བའི་སྐབསའདིར། འདི་ལྟ་བུའི་གྲོས་ཚོགས་ཤིག་བསྡུ་བའི་དམིགས་ཡུལ་ནི། གཅིག་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར60ལོན་པར་བསུ་བ་བྱེད་པ་དང་། གཉིས་ནས་སྤྱི་ལོ2000ལོར་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་མི་རིགས་སྐད་ཡིག་བྱ་བའི་གྲོས་ཚོགས་དང་སྤྱི་ལོ1996ལོར་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་གྲོས་ཚོགས་ཏེ་གྲོས་ཚོགས་གཉིས་ཀྱི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་མི་རིགས་སྐད་ཡིག་དང་སྐད་ཡིག་ལོ་ཙཱ་བྱ་བའི་ཁྲོད་དུ་བླངས་པའི་གྲུབ་འབྲས་དང་གནས་པའི་གནད་དོན། མ་འོངས་པའི་འཆར་གཞི་སོགས་གླེང་ནས་རྗེས་ཕྱོགས་སྔར་ལས་ལྷག་པས་འབད་པ་བྱས་ཏེ་སྔར་ལས་བཟང་པོའི་གྲུབ་འབྲས་ལེན་པར་སྐུལ་སློང་བྱ་བའི་ཆེད་དུ་རེད།
ཐེངས་འདིའི་གྲོས་ཚོགས་ལ་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་སྐོར་ཞིབ་པ་གཞོན་པ་ལིས་ཁི་ཆིན་གྱིས་འགོ་འཛིན་བྱས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕུར་བ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་བཞི་བའི་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་གྲོས་ཚོགས་ཀྱི་བྱ་བའི་སྙན་ཞུ་ཕུལ་བ་དང་ཀྲུའུ་རིན་གཞོན་པ་སི་ཧྥ་ཁྲིན་གྱིས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་དང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་ཁྲོད་འབུར་དུ་ཐོན་པའི་གྲུབ་འབྲས་ཡོད་པའི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་གནང་པའི་ཆོད་དོན་བསྒྲགས། མཚོ་སྔོན་བོད་སྐད་རླུང་འཕྲིན་སོགས་ལས་ཁུངས་བཅུ་གཅིག་ལ་སྔོན་ཐོན་ལས་ཁུངས་ཀྱི་བྱ་དགའ་ཐོབ་པ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་སོགས་མི་བཅུ་གཉིས་ལ་སྔོན་ཐོན་མི་སྣའི་བྱ་དགའ་ཐོབ།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལོའོ་བིན་ཧྲུན་དང་། ཞིང་ཆེན་མི་དམངས་སྲིད་གཞུང་ལོ་ཙཱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་ཧེ་ཧྲིན་སོགས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་ལས་དོན་ལ་འབྲེལ་བ་ཡོད་པའི་མི་བརྒྱ་དང་ཉི་ཤུ་ལྷག་གྲོས་ཚོགས་ལ་ཞུགས་པར་མ་ཟད། ད་དུང་མཚོ་སྔོན་བོད་ཡིག་ཚགས་པར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བཞིའི་འབྲེལ་ཡོད་མགོ་ཁྲིད་པས་ཚོགས་ཐོག་ནས་གཏམ་བཤད་པ་དང་། ཚོགས་འདུའི་མཇུག་མཐར་ཚང་མ་མཉམ་དུ་གསོལ་སྟོན་ལ་རོལ་ཞོར་དུ་བསམ་བློ་བརྗེ་རེས་བྱས།
ཚོགས་ཞུགས་འགོ་ཁྲིད་ལྷན་རྒྱས།
ཚོགས་ཞུགས་འཐུས་མི།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕུར་བ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་བཞི་བའི་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་
གྲོས་ཚོགས་ཀྱི་བྱ་བའི་སྙན་ཞུ་འབུལ་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་སྐོར་ཞིབ་པ་གཞོན་པ་ལིས་ཁི་ཆེན་གྱིས་
གྲོས་ཚོགས་ལ་འགོ་འཛིན་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སི་ཧྥ་ཁྲིན་གྱིས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་
རིགས་སྐད་ཡིག་དང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་ཁྲོད་འབུར་དུ་ཐོན་པའི་གྲུབ་འབྲས་ཡོད་པའི་
ལས་ཁུངས་དང་མི་སྒེར་ལ་བྱ་དགའ་གནངས་བའི་ཆོད་དོན་བསྒྲགས་ནས་
ཚོགས་ཞུགས་འགོ་ཁྲིད་ཚོས་བྱ་དགའ་གནངས་བ།
མཚོ་སྔོན་བོད་སྐད་རླུང་འཕྲིན་སོགས་ལས་ཁུངས་བཅུ་གཅིག་ལ་ལས་ཁུངས་སྔོན་ཐོན་ཅན་གྱི་བྱ་དགའ་ཐོབ།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་སོགས་མི་བཅུ་གཉིས་ལ་སྔོན་ཐོན་མི་སྣའི་བྱ་དགའ་ཐོབ།
མཚོ་སྔོན་བོད་ཡིག་ཚགས་པར་ཁང་གི་ཀྲུའུ་རིན་ཚེ་མགོན་གྱིས་གཏམ་བཤད་སྤེལ་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རིན་ལིའང་ཐའོ་ཡིས་གཏམ་བཤད་སྤེལ་བཞིན་པ།
མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གྱིས་གཏམ་བཤད་སྤེལ་བཞིན་པ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྗོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་
ཀླུ་མཁར་རྒྱལ་གྱིས་གཏམ་བཤད་སྤེལ་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སི་ཧྥ་ཁྲིན་གྱིས་
ཚང་མ་མཉམ་དུ་གསོལ་སྟོན་ལ་རོལ་ཞོར་དུ་མི་རིགས་སྐད་ཡིག་དང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་
ཐད་ནས་བསམ་བློ་བརྗེ་རེས་རྒྱ་ཆེན་པོ་བྱེད་དགོས་པའི་རེ་བ་འདོན་བཞིན་པ།
གསོལ་སྟོན་ལ་རོལ་བཞིན་པ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀླུ་རྒྱལ་ཚེ་རིང་གིས་
གསོལ་སྟོན་སྟེང་གླུ་དབྱངས་ལེན་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བློན་མཐུན་པདྨ་ལྷུན་གྲུབ་ཀྱིས་
གསོལ་སྟོན་སྟེང་བོད་ཀྱི་དམངས་གླུ་ལེན་བཞིན་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་
སྟག་ལྷ་ཐར་གྱིས་གསོལ་སྟོན་སྟེང་གླུ་དབྱངས་ལེན་བཞིན་པ།
ཚོགས་ཞུགས་མི་སྣ་ཚོས་མཉམ་དུ་བསྐྱོན་པའི་པར།