སྙིང་ཉེ་བའི་གྲོགས་པོ་ལགས། ཁྱེད་རང་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་
༄༅།། རླུང་འཕྲིན་དོ་ར།
2008ལོའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།
དུས་ཚོད་།
2009-12-04 22:33:13.0 རྡེབ་ཚད། 2422

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

      2008ལོའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བའི་གྲོས་ཚོགས་ཟླ་12བའི་ཚེས་4ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་གྲོས་ཚོགས་ཁང་ནས་གཟབ་རྒྱས་ངང་ཚོགས་པ་དང་། ཚོགས་འདུ་འགོ་བརྩམས་མ་ཐག་ཐོག་མར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་མདོ་འཛིན་པ་བང་ཧའེ་ཡུང་གིས་ཉིས་སྟོང་དགུ་ལོར་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་ཁྲང་ཅང་ཐའོ་ཧྥེང་བྱ་དགའ་བླངས་པ་ལ་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་རྟེལ་འབྲེལ་ཞུ་བའི་སྐུལ་ལྕག་བྱ་དགའ་སྒོར་ཁྲི་རེ་གནང་བ་དང་།  དེའི་རྗེས་སུ་ཉིས་སྟོང་དགུ་ལོར་རྒྱལ་ཡོངས་རིམ་པའི་བྱ་དགའ་སྟེ། ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཀྲུང་གོའི་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་བྱ་དགའ་ཐོབ་མཁན་གྱི་བརྩམས་ཆོས་བཅུ་གཅིག་གི་མིང་བཏོན་ནས་བརྩམས་ཆོས་དེ་དག་གི་རྩོམ་པ་པོ་དང་འབྲེལ་ཡོད་ལས་ཁུངས་ལ་བསྟོད་པ་དང་སྐུལ་སློང་གི་གཏམ་གླེང་བྱས།    

     མཇུག་མཐར་ཉིས་སྟོང་བརྒྱད་ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་འགྱུར་བྱ་དགའ་དང་འགོ་འཛིན་པའི་བྱ་དགའ།  རིག་རྩལ་བྱ་དགའ།  དཔྱད་རྩོམ་བྱ་དགའ་བཅས་ཐོབ་མཁན་གྱི་བརྩམས་ཆོས290ཡི་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་གནང་བར་མ་ཟད།  འདས་ཟིན་པའི་ལོ་གཅིག་རིང་གི་རྒྱང་སྒྲོག་བརྙན་འཕྲིན་བྱ་བར་སྤྱི་བསྡོམས་དང་མ་འོངས་པའི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་འཕེལ་རྒྱས་ཐད་ཇི་ལྟར་ཤུགས་བསྣོན་དགོས་པའི་སྐོར་སོགས་ཀྱང་གླེང་།  ཐེངས་འདིའི་གྲོས་ཚོགས་ལ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུའུ་རིན་གཞོན་པ་དབང་མོ་དང་།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཅི་ཏིས་མ་ཅ།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཡི་ཀྲི།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ།  མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཝུང་ཞང་མིན་སོགས་འབྲེལ་ཡོད་འགོ་ཁྲིད་བཅུ་གཅིག་དང་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱི་ལས་བྱེད་མི་སྣ་སུམ་བརྒྱ་ཙམ་ཞུགས་ཡོད།

ཚོགས་འདུ་དངོས་སུ་འགོ་བརྩམས་པ།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཅི་ཏིས་མ་ཅ་དང་མཚོ་སྔོན་ཞིང་ཆེན་

ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ།  མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་

ཅུའུ་ཀྲང་ཝུང་ཞང་མིན་སོགས་འབྲེལ་ཡོད་འགོ་ཁྲིད་ཚོས་གཏམ་བཤད་གལ་ཆེན་གནང་བ། 

༼པར་འདི་ནི་ཧྲིན་ཀྲང་གཞོན་པ་ཅི་ཏིས་མ་ཅས་གཏམ་བཤད་བཞིན་པའི་ཚུལ་རེད།༽

རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་ཁྲང་ཅང་ཐའོ་ཧྥེང་བྱ་དགའ་ལེན་མཁན་མཚོ་སྔོན་མི་དམངས་ཀུན་ཁྱབ་

རླུང་འཕྲིན་ལས་ཁུངས་ཀྱི་འདོ་འཛིན་པ་ཝུང་ཧའེ་ཡུང་གིས་གཏམ་བཤད་བཞིན་པའི་ཚུལ།

ཐེངས་འདིའི་བྱ་དགའ་གནང་བའི་གྲོས་ཚོགས་སྟེང་རང་རེ་ལས་ཁུངས་ལ་མཚོན་ན་རྒྱང་སྒྲོག་པ་ཤ་བོ་སྐྱབས་སོགས་མི་བཅུ་ཡིས་

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་འགྱུར་བྱ་དགའ་དང་རིག་རྩལ་བྱ་དགའ། རྒྱང་སྒྲོག་པ་དང་འགོ་འཛིན་པའི་

བྱ་དགའ་སོགས་བླངས།༼པར་འདི་ནི་རང་རེ་ལས་ཁུངས་ཀྱི་རྒྱང་སྒྲོག་པ་ཤ་བོ་སྐྱབས་དང་མཚོ་སྔོན་བོད་སྐད་

བརྙན་འཕྲིན་ཁང་གི་རྒྱང་སྒྲོག་པ་འཕགས་མོ་རྡོ་རྗེ་སོགས་ཀྱིས་བྱ་དགའ་ལེན་བཞིན་པའི་ཚུལ་རེད།༽

 

གསར་འགོད་པ།  ལྷ་རྒྱལ་བཀྲ་ཤིས།

 
༄༅།། ལེ་ཚན་གཞན་དག
གཙོ་ངོས།
གསར་འགྱུར།
སྲིད་དོན་གསར་འགྱུར།
རྒྱལ་སྤྱི་གསར་འགྱུར།
བོད་ཁམས་གསར་འགྱུར།
པར་རིས་གསར་འགྱུར།
ཆེད་བསྒྲིགས།
འུ་ཅག་གི་སེམས་གཏམ།
གཏམ་གསར་གླིང་ཀ
རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།
ཁྲིམས་ལུགས་དང་སྤྱོད་ལམ།
ཐད་གཏོང་ལེ་ཚན།
༣༧༥ཐད་གཏོང་ཁང་།
སློབ་རའི་འགྱུར་ཁུགས།
བཞུད་ལམ།
བདེ་ཐང་མཛུབ་སྟོན།
སྐབས་དོན།
 
 
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号