ཐེངས་དང་པོར་ཡོ་རོབ་གླིང་དུ་བོད་སྨན་མཚམས་སྦྱོར་བྱེད་མཁན་ནི་དབྱི་ཐ་ལིའི་ཡེ་ཤུའི་ཆོས་ལུགས་པ་Ippolito Desideri(1684 -1733)ཡིན། ཁོང་གིས་སྤྱི་ལོ་1716 ལོ་ནས་1721ལོའི་བར་ལྷ་ས་ནས་སློབ་སྦྱོང་དང་ཆོས་སྤེལ་བའི་བྱ་བ་བྱས་མྱོང་ཞིང་ཁོའི་ཟིན་ཐོ་ལས་བོད་སྨན་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཡོད། གཞན་ཅུང་སྔ་བའི་བོད་སྨན་མཚམས་སྦྱོར་བྱེད་མཁན་ནི་དབྱིན་ཇིའི་ཕྱི་ནད་སྨན་པ་Robert Saunderཡིན་ལ་ཁོས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ངོ་མཚར་བའི་འདུལ་སྦྱོང་གི་བརྒྱུད་རིམ་དེ་སྤྱི་ལོ་1789ལོའི་དབྱིན་ཇིའི་ཧོང་ཅཱ་སློབ་ཚོགས་(皇家学会)ཀྱི་མཚན་ཉིད་རིག་པའི་ཚགས་པར་(Philosophical Transactions of the Royal Society(London)74)སྟེང་བཀོད་དེ་ངོ་སྤྲོད་ཞིབ་མོ་བྱས་པ་རེད།
དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་རྗེས་སུ་ཡོ་རོབ་གླིང་དུ་བོད་སྨན་ཞིབ་འཇུག་གི་རྣམ་པ་ཨ་རིའི་གནས་ཚུལ་དང་མཚུངས། དབྱི་ཐ་ལིའི་Veniceདང་Milanན་ཆེད་དུ་བོད་སྨན་སློབ་སྦྱོང་བྱེད་ས་དང་དངོས་སྦྱོང་ལྟེ་གནས་བཙུགས་ཡོད་ཅིང་འཆད་ཁྲིད་ཀྱང་གནང་བཞིན་ཡོད། འཇར་མན་གྱི་Ulmསློབ་ཆེན་གྱི་འབུམ་རམས་པ་J.C.Aschoffཡིས་རིན་ཆེན་རིལ་བུའི་ནད་ཐོག་ཞིབ་འཇུག་བྱས་ཏེ་ཆེད་རྩོམ་འགའ་སྤེལ་མྱོང་ལ་གྲགས་ཆེ་བའི་བརྩམས་ཆོས་ནི་བོད་སྨན་དཔྱད་ཡིག་ཕྱོགས་བསྒྲིགས་ཞེས་པ་དེ་ཡིན། གཞན་དབྱིན་ཇི་དང་ཧོ་ལན། སུའེ་ཙེར། ཕོ་ལན། ཏེན་མག ཧྥ་རན་སི་སོགས་སུའང་ཚད་མི་འདྲ་བའི་སྒོ་ནས་བོད་ཀྱི་གསོ་རིག་ངོ་སྤྲོད་དང་ཞིབ་འཇུག་བྱས་པ་ཧ་ཅང་ཁྱད་ཆོས་ལྡན་ཡང་འདིར་ཡིག་ཚོགས་ལ་འཇིགས་ནས་རྒྱས་པར་མི་སྤྲོའོ།།
ལོ་ཙཱ་བ། རིག་འཛིན་རྡོ་རྗེ།