ད་ལྟ་གཟིགས་བཞིན་པ། > གཙོ་ངོས། > བློ་མཐུན་ཧན་ཀྲིན་གྱི་ལོ་རྒྱུས་མདོར་བསྡུས།

བློ་མཐུན་ཧན་ཀྲིན་གྱི་ལོ་རྒྱུས་མདོར་བསྡུས།

hanzheng.jpg

བློ་མཐུན་ཧན་ཀྲིན་གྱི་ལོ་རྒྱུས་མདོར་བསྡུས།

ཧན་ཀྲིན། ཕོ། རྒྱ་རིགས། 1954ལོའི་ཟླ4པར་སྐྱེས་པ་དང་། ཀྲིག་ཅང་ཚི་ཞི་ཡི་མི་ཡིན། 1975ལོའི་ཟླ12པར་བྱ་བར་ཞུགས་པ་དང་། 1979ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ནང་དུ་ཞུགས། ཧྭ་ཏུང་དགེ་འོས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་དུ་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་གནས་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་མིང་ཐོབ་བླངས་ཡོད་ལ། མཐོ་རིམ་དཔལ་འབྱོར་མཁས་པ་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་འགན་བཞེས་ཡོད།

1975ལོ་ནས1980ལོའི་བར། ཧྲང་ཧེ་ཞུའུ་ཧོས་ལྗིད་འདེགས་སྒྲིག་སྦྱོར་རུ་ཁག་གི་མཛོད་ཁང་དོ་དམ་པ་དང་། མཁོ་འཚོང་མ་རྐང་གི་ལས་སྒྲུབ་པ། གུང་གཞོན་ཚོགས་པ་སྤྱིའི་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

1980ལོ་ནས1982ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་ཀུང་ཟིའི་ལས་འཛིན་དང་། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣའི་འགན་བཞེས།

1982ལོ་ནས1986ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་ཅུའུ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། (དེའི་སྐབས་ཀྱི1983ལོ་ནས1985ལོའི་བར་དུ། ཧྥུའུ་ཏན་སློབ་ཆེན་ཆེད་སྦྱོང་འཛིན་གྲྭ་རུ་སློབ་སྦྱོང་བྱས།)

1986ལོ་ནས1987ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་ཆེད་སྦྱོང་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

1987ལོ་ནས1988ལོའི་བར་དུ། ཧྲང་ཧེ་འགྱིག་ལྷམ་བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་དང་འགོ་གཙོ་གཞོན་པའི་འགན་བཞེས། (1985ལོ་ནས1987ལོའི་བར་དུ། ཧྭ་ཏུང་དགེ་འོས་སློབ་ཆེན་དགོང་སྦྱོང་སློབ་ཆེན་ཆབ་སྲིད་སློབ་གསོ་སྡེ་ཁག་ནས་ཆབ་སྲིད་ཆེད་ལས་སྦྱངས།)

1988ལོ་ནས1990ལོའི་བར་དུ། ཧྲང་ཧེ་ཏཱ་ཀྲུང་ཧྭ་འགྱིག་བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་དང་བཟོ་གྲྭའི་འགོ་གཙོ་གཞོན་པའི་འགན་བཞེས།

1990ལོ་ནས1991ལོའི་བར་དུ། གུང་གཞོན་ཚོགས་པ་ཧྲང་ཧེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། (བྱ་བར་མགོ་འཛིན་བྱས།)

1991ལོ་ནས1992ལོའི་བར་དུ། གུང་གཞོན་ཚོགས་པ་ཧྲང་ཧེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡི་འགན་བཞེས།

1992ལོ་ནས1993ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་ལུའུ་ཝན་ཆུའུ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུའུ་ཀྲང་ཚབ་མའི་འགན་བཞེས།

1993ལོ་ནས1995ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་ལུའུ་ཝན་ཆུའུ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུའུ་ཀྲང་གི་འགན་བཞེས།(1991ལོ་ནས1994ལོའི་བར་དུ། ཧྭ་ཏུང་དགེ་འོས་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མ། དཔལ་འབྱོར་རིག་པའི་རབ་འབྱམས་པའི་ཐོབ་ཐང་བླངས།)

1995ལོ་ནས1997ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་སྲིང་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཧྲང་ཧེ་གྲོང་ཁྱེར་ཕྱོགས་བསྡུས་དཔལ་འབྱོར་བྱ་བའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲང་ཧེ་གྲོང་ཁྱེར་དཔལ་འབྱོར་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཙུའུ་ཧྲུའུ་ཅི། ཧྲང་ཧེ་གྲོང་ཁྱེར་དངུལ་འཛིན་དོ་དམ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

1997ལོ་ནས1998ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས།

1998ལོ་ནས2002ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧྲི་ཀྲང་གཞོན་པའི་འགན་བཞེས།

2002ལོ་ནས2003ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

2003ལོ་ནས2004ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འགན་བཞེས།

2004ལོ་ནས2006ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་། 2010ལོའི་ཧྲང་ཧེ་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་འགན་བཞེས།

2006ལོ་ནས2007ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཚབ་མ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་། 2010ལོའི་ཧྲང་ཧེ་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་། ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་པོ། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

2007ལོ་ནས2008ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་། 2010ལོའི་ཧྲང་ཧེ་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་པོ། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་འགན་བཞེས།

2008ལོ་ནས2011ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། 2010ལོའི་ཧྲང་ཧེ་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་འགན་བཞེས།

2011ལོ་ནས2012ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འགན་བཞེས།

2012ལོ་ནས2017ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས།

2017ལོར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས།

ཀྲུང་གུང་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་བཅས་ཡིན།
 

མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།