ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཙུའུའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བར་ཆེད་དུ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུའི་ཧྲུའུ་ཅི། ཡོན་ཀྲང་ཏུང་ཁེ་ཅོན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གི་རྒྱལ་ཡོངས་ཁྲིམས་ཁང་གི2012ལོའི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མྱུར་དུ་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་ལེན་མཐར་ཕྱིན་བཅས་བྱས་ནས། མི་དམངས་ཁྲིམས་ཁང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བའི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གསལ་བོ་བྱས་ཏེ། མི་དམངས་ཁྲིམས་ཁང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཁང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་གཏན་ལ་ཕབ་སྟེ། གཅིག་ནས་རྒྱལ་ཡོངས་ཁྲིམས་ཁང་གི2012ལོའི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་གནས་ཚུལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་གི་ཆེད་དོན་སྙན་ཞུ་འབུལ་དགོས་པ་དང་། གཉིས་ནས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས། བསམ་བློའི་ངོས་འཛིན་མཐོར་འདེགས་སུ་གཏོང་དགོས། གསུམ་ནས་ད་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་དུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི2012ལོའི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བའི་ལས་འགན་བཀོད་སྒྲིག་བྱེད་རྒྱུ་རེད། བཞི་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བ་གཙོ་བོ་གཏན་ལ་ཕབ་སྟེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ད་ལོའི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ལོ་ཙཱ་བ། ཞའོ་ཡན།
- མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་པ།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཟོ་ལས་ཀྱི་ལས་གཞི་གལ་ཆེན་བརྒྱ་འཛུགས་སྐྲུན་བྱེད་པ་དང་ཁེ་ལས་གཙོ་བོ་བརྒྱ་སྐྱེད་སྲིང་བྱེད་པའི་བྱ་འགུལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།
- “གསུམ་བརྒྱད”བུད་མེད་དུས་ཆེན་གྱི་སྔོན་དག་དག་ལ་ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་བུད་མེད་ཁེ་ལས་པའི་འཐུས་མི་རྣམས་དང་བཞུགས་མོལ་བྱས།
- མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས་པ།
- རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་2011ལོར་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བ་ཁྱབ་བསྒྲགས་བྱས་ནས་གཟེངས་བསྟོད་བྱས།
- ཝུན་ཅ་པོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་མཛད་པ།
- ལིས་ཁྲང་ཁྲོང་གིས་ཁུ་པ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་མཇལ་འཕྲད་གནང་།
- ཞི་ཅིན་ཕེན་གྱིས་ཐུར་ཁེ་རྒྱལ་ཁབ་ཀྱི་གྲོས་གཙོ་ཆི་ཆེ་ཁོ་ལ་མཇལ་འཕྲད་གནང་།
- ཞི་ཅིན་ཕེན་དང་ཐུར་ཁེའི་ཙུང་ཐུང་གཉིས་ཀྱིས་བཞུགས་མོལ་མཛད།
- བོད་ཆུ་ཕོ་འབྲུག་ལོའི་བོད་ལུགས་ལོ་སར་ལ་རོལ་བའི་མཉམ་སྤྲོའི་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་བསྡུས་པ།
- ལིས་ཁྲང་ཁྲོན་གྱིས་གསེར་མདོག་གི་རྒྱལ་རབས་ཞེས་པའི་སྙན་རྩོམ་ཟློས་གར་ཆེན་མོར་གཟིགས་པ།
- ཙུང་ལི་ཝུན་ཅ་པའོ་ཡིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཇལ་འཕྲད་དང་ལེན་མཛད།
- ཆང་ཝེ་ཡིས་ཟི་ལིང་གྲོང་ཁྱེར་གྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་སྟེང་གཏམ་བཤད་གལ་ཆེན་གནང་།
- མཚོ་འགག་འགྲམ་གཉིས་དང་བཅས་པའི་ས་ཁུལ་བཞིའི་ཀྲུང་གོའི་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་ཞེས་པའི་པེ་ཅིན་གླེང་སྟེགས་ཟློས་གར་བསྡུས་པ་དང་ཅ་ཆིན་ལིན་དགོང་ཚོགས་ལ་ཞུགས་པ།
- ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དྲིན་ལན་སྙན་ཞུ་བྱེད་པའི་འཁྲབ་སྟོན་དགོང་ཚོགས་བསྡུས་པ་དང་ཅ་ཆིན་ལིན་གྱིས་འཁྲབ་སྟོན་ལ་གཟིགས་པ།
- སྐབས་དགུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལས་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་ཀོས་ཡང་གྲོང་ཁྱེར་ནས་གཟབ་རྒྱས་ངང་བསྡུས་པ།
- ཅི་ཏི་མཱ་ཅ་ལ་ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་གཅིག་ལོའི་སྙན་ངག་པའི་བྱ་དགའ་ཐོབ་པ།
- པདྨ་ཚེ་བརྟན་གྱི་གློག་བརྙན«ཁྱི་རྒན»ཞེས་པ་སྐབས་ལྔ་བའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གློག་བརྙན་བྱ་དགའ་ཆེན་མོའི་བརྙན་ཕབ་ཆེས་བཟང་པོའི་བྱ་དགའི་རྗེས་འདེམ་མིང་ཐོའི་གྲས་སུ་ཚུད་པ།
- ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཉིས་སྟོང་བཅུ་གཅིག་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས་པ།
- སྲིད་གྲོས་སྐབས་བཅུ་བའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཟི་ལིང་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།








"