སྤེལ་དུས།2016.06.22 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0


刘云山:牢固树立文化自信价值观自信 不断增强人们奋发向上的精神动力 1.jpg

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་གཟིགས་ཞིབ་མཛད།
 

刘云山:牢固树立文化自信价值观自信 不断增强人们奋发向上的精神动力 2.jpg

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་གཟིགས་ཞིབ་མཛད།
 

刘云山:牢固树立文化自信价值观自信 不断增强人们奋发向上的精神动力 3.jpg

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་གཟིགས་ཞིབ་མཛད།
 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་གཟིགས་ཞིབ་མཛད། ཁོང་གིས་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིག་གནས་ཡིད་ཆེས་དང་རིན་ཐང་ལྟ་བའི་ཡིད་ཆེས་བརྟན་པོར་བཅངས་ཏེ། ཕུགས་བསམ་དང་ཡིད་ཆེས་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མི་རྣམས་ཀྱི་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་བློའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཟེར།

ཧྲང་ཧེ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོ་དང་ཧྥུའུ་ཏན་སློབ་གྲྭ་ཆེན་མོ་ནས་ལིག་ཡུན་ཧྲན་གྱིས་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་གནས་ཚུལ་ལ་ཡུལ་དངོས་སུ་གཟིགས་ཞིབ་མཛད་དེ། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་སློབ་ཁྲིད་དང་། སློབ་གྲྭ་ཆེན་མོ་བའི་བསམ་བློའི་ཆབ་སྲིད་སློབ་གསོ་བཅས་ཐད་ནས་དགེ་སློབ་རྣམས་དང་བརྗེ་རེས་བྱས་པར་མ་ཟད། མཐོ་རིམ་སློབ་གྲྭ་ཆེན་མོ་ཁ་ཤས་ཀྱི་བསམ་བློའི་ཆབ་སྲིད་བྱ་བ་དང་ཏང་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

གཟིགས་ཞིབ་མཛད་སྐབས། ལིག་ཡུན་ཧྲན་གྱིས་ད་རུང་གཞི་རིམ་ཏང་འཛུགས་བྱ་བ་དང་གཉིས་སློབ་གཅིག་བྱེད་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད། ཏང་ཡོན་རྒན་པར་འཚམས་འདྲི་གནང་སྟེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང། ཏང་གིས་ཏང་ལ་དོ་དམ་བྱེད་པའི་འགན་འཁྲི་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། གཉིས་སློབ་གཅིག་བྱེད་སློབ་སྦྱོང་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པའི་རྒྱུན་ལྡན་གྱི་སློབ་གསོ་དང་དོ་དམ་བྱེད་པའི་བྱ་བ་གཙིགས་འཛིན་བྱས་ནས། མང་ཚོགས་ལ་བསམ་འཆར་མང་པོ་ཡོད་པའི་གནད་དོན་གཙོ་བོ་ཐག་གཅོད་བཟང་བོ་བྱེད་དགོས་ཞེས་ནན་གྱིས་གསུངས།
 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།