སྤེལ་དུས།2016.10.21 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

 刘云山同越共中央政治局委员.jpg

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཏིན་ཧྲི་ཞུན་དང་གྲོས་མོལ་མཛད།
 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཏིན་ཧྲི་ཞུན་དང་གྲོས་མོལ་མཛད།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བར་སྤྱིར་འཕེལ་རྒྱས་བཟང་བོ་བྱུང་བ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་མང་དུ་སོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཕྱོགས་ཡོངས་ནས་སྤེལ་བ། མི་གཞུང་བརྗེ་རེས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་སོང་ཡོད། ཁྱད་པར་དུ་ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ཕན་ཚུན་བར་འཚམས་འདྲི་བྱས་ཏེ། ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བས། གནས་བབ་གསར་བའི་འོག་གི་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་གཉིས་ནི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་ཚོགས་པ་ཡིན་པས། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། གནད་དོན་གལ་ཆེན་ཐད་ནས་དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱེད་དགོས་པར་མ་ཟད། ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་བཏང་སྟེ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཡུན་རིང་དང་བདེ་བླག བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ད་རུང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་མཚམས་སྦྱོར་མཛད།

ཏིན་ཧྲི་ཞུན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཡོ་ནན་གཉིས་ནི་གུང་ཁྲན་ཏང་གིས་སྲིད་སྐྱོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། ཡོ་ནན་དང་ཀྲུང་གོ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་བརྟན་དུ་གཏོང་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། ས་ཁུལ་ཞི་བདེ། བརྟན་འཇགས་དང་དར་རྒྱས་གོང་འཕེལ་དུ་གཏོང་བར་ཡང་ཁེ་ཕན་ལྡན། ཕྱོགས་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ནས། ཏང་བར་བརྗེ་རེས་དང་མཉམ་ལས་བྱེད་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དམ་དུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཡོ་ནན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཡུན་རིང་དང་བདེ་བླག བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།
 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།