སྤེལ་དུས།2016.11.01 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་པིས་ཡ་ཏིས་ལིས་གློག་ལས་གཞི་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལས་རྩལ་གསར་སྤེལ་ས་ཁུལ་ནན་ཁྲོན་བཟོ་ལས་ས་ཁུལ་དང་མཚོ་ཤར་ལིན་ཁུང་ཕྱོགས་བསྡུས་དཔལ་འབྱོར་ས་ཁུལ་ནས་ལས་མགོ་ཚུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཧའོ་ཕུན་གཉིས་ཀྱིས་ཟི་ལིང་ནས་པིས་ཡ་ཏིས་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཝང་ཁྲོན་ཧྥུའུ་སོགས་ལ་ཐུག་འཕྲད་བྱས།

ཐུག་འཕྲད་བྱེད་སྐབས། ཝང་གོ་ཧྲིན་དང་ཧའོ་ཕུན་གཉིས་ཀྱིས་ཝང་ཁྲོན་ཧྥུའུ་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། མཚོ་སྔོན་དུ་ལིས་གློག་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན་པ་དང་། ལིས་གློག་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཀྲུང་དབྱང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་རེ་བ་ཡིན་ལ། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་དང་མཐུན། ཉེ་བའི་ལོ་འགའི་རང་ལ་མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལིས་གློག་སོགས་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྒོར་ཁྲག་ཁྲིག་ལྷག་བཏང་བའི་ལིས་གློག་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཀྱིན་ཡོད། པིས་ཡ་ཏིས་ཀུང་ཟི་ནི་རྒྱལ་ནང་གི་ནུས་ཁུངས་ཐོན་ལས་ཀྱི་སྣེ་ཁྲིད་ཁེ་ལས་ཡིན་ལ། ཐེངས་འདིར་པིས་ཡ་ཏིས་ཀུང་ཟི་ཡིས་ལིས་གློག་ཐོན་ལས་ལས་གཞི་གཉིས་མཚོ་སྔོན་ནས་སྤེལ་བ་ནི་མཚོ་སྔོན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་ལྗང་མདོག་གི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ་ཡིན་ཟེར།

ཧའོ་ཕིན་གྱིས་མཚོ་སྔོན་གྱི་ལིས་གློག་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། སྤུས་ལེགས་ཞབས་ཕྱི་སྒྲུབ་པ་དང་ཁོར་ཡུག་བཟང་བོ་སྐྲུན་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་པིས་ཡ་ཏིས་ཀུང་ཟིའི་མཚོ་སྔོན་གྱི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཝང་ཁྲོན་ཧྥུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་པིས་ཡ་ཏིས་ཀུང་ཟིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། འཛམ་གླིང་གི་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་པིས་ཡ་ཏིས་ཀུང་ཟིའི་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།
  

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།