ཀྲང་ཏི་ཅང་གིས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་མི་དམངས་གྲོས་ཁང་གི་གྲོས་དཔོན་ཝུའུ་ཝུན་མེན་དང་གྲོས་མོལ་མཛད།
2017.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

张德江与缅甸联邦议会人民院议长吴温敏举行会谈.jpg

ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་མི་དམངས་གྲོས་ཁང་གི་གྲོས་དཔོན་ཝུའུ་ཝུན་མེན་དང་གྲོས་མོལ་མཛད།

ཀྲང་ཏི་ཅང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་འབར་མའི་གྲོས་ཁང་གིས་འབྲེལ་འདྲིས་དམ་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ལ་ནུས་པ་ཆེན་པོ་བཏོན། ཕྱོགས་གཉིས་ཀྱིས་མཛའ་མཐུན་འགྲོ་འོང་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ། ཀྲུང་གོ་དང་འབར་མའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་ཟེར།

ཝུའུ་ཝུན་མེན་གྱིས་བཤད་རྒྱུར། འབར་མའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་ལོངས་སུ་སྤྱོད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།