ཁོང་ཡུང་གིས་ཟི་ལིང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས།
2017.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་བའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཟི་ལིང་གི་རིགས་དབྱེ་དོ་དམ་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་བྱ་བ་དངོས་འབེབས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཁོང་ཡུང་ཐོག་མར་མཁར་བྱང་ས་ཁུལ་གྱི་སྤྱི་ཚོགས་ཕན་བདེ་སྨན་བཅོས་གསོ་སྐྱོང་ལྟེ་གནས་སུ་སོང་ནས། སྨན་བཅོས་གསོ་སྐྱོང་ལྟེ་གནས་ཀྱི་བྱེད་ནུས་སྒྲིག་ཆས་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཡུལ་དངོས་ནས་ཁ་འགྲེམ་བརྒྱུད་ལམ་དང་བདེ་འཇགས་ཕྱིར་གཏོང་དང་མེ་གསོད་སྒྲིག་ཆས་འཐུས་ཚང་སྐྱོན་མེད་ཡིན་པའི་གནས་ཚུལ་ལ་ཞིབ་ལྟ་བྱས། ཁོང་ཡུང་གིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ནི་མིའི་ཚེ་སྲོག་དང་ཐད་ཀར་འབྲེལ་ཡོད་ཅིང་། རིམ་པ་སོ་སོའི་སྡེ་ཁག་གིས་བདེ་འཇགས་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། སྨན་བཅོས་ལས་ཁུངས་ཀྱིས་ཉིན་རྒྱུན་གྱི་བདེ་འཇགས་སློབ་གསོ་དང་མཁོ་བསྟུན་སྦྱོང་བརྡར་ལས་དོན་བཟང་བོར་བསྒྲུབ་ནས། བདེ་འཇགས་སྐོར་ནས་གནད་དོན་མི་འབྱུང་བར་ཁག་ཐེག་བྱས་ཏེ། ཁ་མིན་དོན་གྱིས་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།