མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
2017.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དགུ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ལམ་སྲོལ་ལག་བསྟར་ཐབས་ལམ་ཞེས་པ་ལག་ལེན་མཐར་ཕྱིན་བྱེད་ཐབས་སྐོར་ནས་གྲོས་ཞིབ་བྱས་པར་མ་ཟད། ཏང་ཨུས་ཞབས་འདེགས་ཆེད་མཁས་པར་འབྲེལ་གཏུག་བྱེད་པ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་སྐབས་བརྗེ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གིས་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ལམ་སྲོལ་ཞེས་པ་གཏན་འབེབས་ཁྱབ་བསྒྲགས་བྱས་པ་ནི། ལམ་ལུགས་ཀྱི་རིམ་པའི་ངོས་ནས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚན་རིག་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་ནན་ཏན་སྒོས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། སྒྱུར་བ་བཞི་ཁ་མིན་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས། ཤུགས་ཆེན་པོས་གཞུང་ལུགས་དང་དངོས་ཡོད་ཟུང་སྦྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་མཐར། ལྟེ་གནས་ཚན་ཁག་གི་གཞུང་ལུགས་སློབ་སྦྱོང་གི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་འབུར་ཐོན་ཡོང་བར་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས། བར་མ་ཆད་པའི་སྒོ་ནས་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་གཙོ་བོ་དང་མགོ་ཁྲིད་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གཞུང་ལུགས་གསར་བའི་གྲུབ་འབྲས་སྤྱད་དེ། ད་ཡོད་གནད་དོན་ཐག་གཅོད་པའི་བྱེད་ནུས་མཐོར་འདེགས་གཏོང་དགོས། དཔེ་སྟོན་སྣེ་འདོམས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ལྟེ་གནས་ཚན་ཁག་གི་ཁོངས་མིས་རང་རྟོགས་སྒོས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས། སློབ་སྦྱོང་གི་དཔེ་སྟོན་དང་མིག་དཔེ་རུ་འགྱུར་བར་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་དོན་ལས་རིམ་གལ་ཆེན་ཁྲོད་བཞག་ནས། ཏང་འཛུགས་བྱ་བའི་འགན་འཁྲིའི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་བྱ་བའི་ལམ་ལུགས་ཁྲོད་བཞག་སྟེ། དོ་དམ་དང་ལྟ་ཞིབ། དཔྱད་ཞིབ་བཅས་ལ་ཤུགས་སྣོན་དགོས། སློབ་སྦྱོང་གི་འགན་སྲུང་དང་འགན་འཁྲི་དངོས་འབེབས་བྱེད་ཤུགས་ཇེ་དྲག་ཏུ་བཏང་མཐར། མཚོ་སྔོན་གྱི་ལག་བསྟར་ཐབས་ལམ་དངོས་འབེབས་དོན་འཁྱོལ་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་སྔར་ལས་ལྷག་པའི་སྒོ་ནས་ཏང་ཨུས་ཞབས་འདེགས་ཆེད་མཁས་པར་འབྲེལ་གཏུག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པར་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་ད་དུང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བརྗེ་བྱ་བའི་གནས་ཚུལ་སྙན་ཞུར་ཉན། གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་པ་ལའང་ཞིབ་འཇུག་བྱས།