རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དོན་གསུམ་པ་བསྡུས།
2017.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དོན་གསུམ་པ་བསྡུས་ཏེ། གསར་སྐྲུན་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཚན་རྩལ་གདེང་འཇོག་མ་ལག་བཅོས་སྒྱུར་བྱེད་པར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་ཁ་ཤས་ཀྱིས་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་བལྟས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རྩལ་གདེང་འཇོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གདེང་འཇོག་ལམ་ལུགས་བཅོས་སྒྱུར་བྱས་ཏེ། ཚན་རྩལ་གསར་སྐྲུན་གྱི་སྤུས་ཚད་དང་བྱས་རྗེས། གྲུབ་འབྲས་བཅས་ཁྲིད་ཕྱོགས་བྱས་པའི་རིགས་བགར་གདེང་འཇོག་མ་ལག་འཛུགས་དགོས་ཞེས་ནན་གྱིས་བསྟན། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱི་ཚན་རྩལ་གདེང་འཇོག་ཕྱོགས་སུ་འབུར་ཐོན་གནད་དོན་ཁ་ཤས་གནས་ཡོད་པས། གནད་དོན་དེ་དག་བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་ཐག་གཅོད་དགོས་པར་སྙམ།

ཨུ་ཡོན་རྣམས་ཀྱིས་བཟོ་ལས་ཚན་ཁག་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་རྣམ་པ་གཏན་འཁེལ་གསལ་བོ་བྱེད་པ་དང་གཞི་གྲངས་ཆེན་པོའི་བཀོལ་སྤྱོད་ལ་མཐོང་ཆེན་བྱེད་པ། ཚན་རྩལ་བྱ་དགའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་པ་དང་། ཡུས་ཀྲིན་ཧྲིན་གྱིས་ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཉན་པར་མ་ཟད་ཚང་མ་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་ཚོགས་ཐོག་ཏུ་བསམ་འཆར་བཏོན་པ་དང་། ཚན་རྩལ་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། སློབ་གསོ་པུའུ། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཨ་ཡོན་རྣམས་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས།