ཡན་ཅིན་ཧེ་ཡིས་ཡུས་ཧྲུའུ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་ཞིབ་བྱས།
2017.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་དགུ་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྒྱུར་བ་བཞིའི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་རྩ་བ་ཚུགས་ནས་རྩེ་མོ་རྒྱས་པར་བྱས་ཏེ། ཡུས་ཧྲུའུ་འདི་ཉིད་སྐྱེ་ཁམས་ཀྱི་ཁུལ་ཆེན་པོ་དང་སྐྱེ་ཁམས་སྟོབས་ལྡན་གྱི་དཔེ་སྟོན་ཁུལ་ཞིག་ཏུ་འགྱུར་བར་འབད་དགོས་ཞེས་བསྟན།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། རྩ་ལག་མཉམ་བཅོས་ཀྱི་ཆོས་ཉིད་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་ཡུན་བརྟན་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བསྐྲུན་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་རིམ་པ་རེ་རེས་ཕྲག་སྟེང་དུ་ལེན་ཕོད་དགོས། མགྱོགས་མྱུར་སྒོས་ཚུལ་སྒྱུར་འཕེལ་རྒྱས་རྣམ་པ་བཏོད་དགོས་པ་དང་། ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་དགོས། རིག་གནས་དང་ཡུལ་སྐོར་། ཉོ་ཚོང་བཅས་མཉམ་འདྲེས་ཀྱིས་འཕེལ་བར་སྐུལ་འདེད་བཏང་ནས། ལྗང་མདོག་འཕེལ་རྒྱས་བྱ་བ་ཡར་ལྡན་དུ་སྤེལ་མཐར། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ལྗང་མདོག་བསྐྲུན་པ་དང་ཕན་བདེ་བསྐྲུན་ཐུབ་དགོས་ཞེས་བསྟན།