ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དང་འཇར་པན་བར་གྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་ནས་ལོ་འཁོར་ཞེ་ལྔ་ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མི་གཙོ་བོར་ཐ
2017.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དགུ་བའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་འཇར་པན་གྱི་སྔོན་ཆད་ཀྱི་དམངས་གྲོས་དཔོན་པོ་ཧི་ཡེ་ཡང་ཕེན་སོགས་ཀྲུང་གོར་ཡོང་སྟེ་ཀྲུང་གོ་དང་འཇར་པན་བར་གྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་ནས་ལོ་འཁོར་ཞེ་ལྔ་ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མི་གཙོ་བོར་ཐུག་འཕྲད་བྱས།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོ་དང་འཇར་པན་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་འཇར་པན་འབྲེལ་བའི་ལེགས་བཅོས་འཕེལ་རིམ་ཁྲོད་དུ་རྙོག་འཛིང་གི་རྒྱུ་རྐྱེན་མི་ཉུང་བ་གནས་ཡོད་པས། འཇར་པན་སྲིད་གཞུང་གིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་དང་རྩ་དོན་བཞིའི་ཐུན་མོང་གི་ལྟ་ཚུལ་བརྩི་སྲུང་བྱེད་དགོས་པ་དང་། སྔར་ལས་མཛའ་མཐུན་ལྡན་པའི་ཀྲུང་གོའི་སྲིད་ཇུས་ལག་བསྟར་བྱས་ཏེ། འོས་འཚམ་སྒོས་གནད་དོན་གལ་ཆེན་ཐག་གཅོད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་འཇར་པན་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཧི་ཡེ་ཡང་ཕེན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྔོན་རབས་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་ཐད་ལ་ཧུར་ཐག་རྒྱུ་རྐྱེན་མང་པོ་ཞིག་གསོག་དགོས་ཟེར།