ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲང་ཏི་ཅང་གིས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ལ་མཇལ་འཕྲད་གནང་།

སྤེལ་དུས། 2017-03-18 09:34:51   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

zhangdejiang1.jpg

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལེ་མན་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལེ་མན་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ལོ་ངོ་ཉེར་བདུན་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་མང་པོའི་ཐད་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་མདུན་གྲས་སུ་བསྐྱོད་བཞིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕེན་དང་རྒྱལ་བོ་ས་ལེ་མན་གཉིས་ཀྱིས་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་བསྩལ། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ། མུ་མཐུད་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་དེ་ཕྱོགས་སོ་སོའི་ཕྱི་ཕྱོགས་འབྲེལ་བའི་གོ་གནས་གལ་ཆེན་ཁྲོད་འཇོག་འདོད་ཡོད་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་གྲོས་མོལ་གྲོས་ཚོགས་བར་གྱི་ཕྱོགས་སོ་སོའི་མཛའ་བརྩེའི་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ལྟ་བར་དམིགས་ནས། དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། རྒྱུན་མ་ཆད་པར་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བའི་ཐད་ཀྱི་མི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ས་ལེ་མན་གྱིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་སོ་ཏི་ཨ་རབ་རྒྱལ་ཁང་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱས་པ་དང་། རྒྱལ་ཁབ་གཉིས་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཝང་ཁྲིན་མཉམ་དུ་མཇལ་འཕྲད་ལ་ཞུགས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།