ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལིས་ཁི་ཆང་གིས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོར་མཇལ་འཕྲད་གནང་།

སྤེལ་དུས། 2017-03-18 10:39:16   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

likeqianghuijianshateguowang0.jpg
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར།ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་རྟོན་རྨང་གཞི་སྲ་བརྟན་ཡིན་ལ། དངོས་གཉེར་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཚེས་བཅུ་དྲུག་ཉིན་ཀྲུའུ་ཞི་ཞི་ཅིན་ཕེན་དང་རྒྱལ་བོ་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་པ་དང་། ཀྲུང་གོས་རྒྱལ་ཁབ་སོ་སོའི་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་འཕེལ་རྒྱས་ཀྱི་ལམ་བུ་གདམ་བསེས་བྱེད་པར་བརྩི་འཇོག་བྱེད་པ་དང་། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། སོ་ཏི་ཨ་རབ་རྒྱལ་ཁབ་བར་གྱི་ཕན་ཚུན་ཡིད་རྟོན་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་དང་ཁྱབ་ཁོངས་ཆེན་པོའི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་སུ་་གཏོང་བ་དང་དམངས་ཚིས་ལེགས་བསྒྱུར་བྱེད་ན་ཞི་བདེ་གཏན་འཇགས་ཀྱི་ཁོར་ཡུག་ཅིག་དགོས་པས། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་ཆབ་སྲིད་གཏན་འཇགས་མིན་པ་དང་གཏན་ཁེལ་མིན་པའི་རྒྱབ་ལྗོངས་འོག ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ནང་དུ་འདུ་བའི་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་ཤུགས་སྣོན་པ་དང་། གཏན་འཇགས་ངང་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། འཛམ་གླིང་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་དང་མཉམ་ལས་སྐུལ་འདེད་བྱེད་འདོད་ཡོད་ཟེར།

སཱ་ལེ་མན་གྱིས་བཤད་རྒྱུར། སོ་ཏི་ཨ་རབ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་མདུན་ལྗོངས་ཐད་ཡིད་ཆེས་ཀྱི་ཁེངས་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་དང་། མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་ལ་ཁ་གཏད་འཇལ་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།