ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་ཀྱིས་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱི་མགོ་ཁྲིད་དང་ལྷན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ཇུས་ཆེན་ལ་གྲོས་སྡུར་བྱས།

སྤེལ་དུས། 2017-03-19 09:32:33   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཁོར་ཡུག་སྲུང་སྐྱོབ་པུའུ། ཚན་རིག་ལག་རྩལ་པུའུ། དམངས་སྲིད་པུའུ། ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་ནུས་ཁུངས་ཅུའུ། ཀྲུང་གོ་མཁའ་འགྲུལ་ཅུའུ་སོགས་དང་། ཀྲུང་གོ་ལྕགས་ལམ་སྤྱིའི་ཀུང་ཟི་དང་རྒྱལ་ཁབ་གློག་དྲ་ཀུང་ཟི། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟི། ཀྲུང་གོ་མཁའ་ལམ་ཚན་རྩལ་སྡེ་ཚོགས་ཀུང་ཟི། ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་འདྲི་རྩད་ཀུང་ཟི། མཚོ་འགག་གསུམ་སྡེ་ཚོགས་ཀུང་ཟི། ཀྲུང་གོ་རྡོ་སོལ་སྡེ་ཚོགས་སོགས་ལས་ཁུངས་སུ་དངོས་བཅར་བྱས་ཏེ། པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱི་མགོ་ཁྲིད་མི་སྣ་དང་མཉམ་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དཀྱིལ་སྙིང་དུ་འཛིན་པ་དང་། བསྒྱུར་དགོས་པ་བཞི་ཡར་ལྡན་དུ་སྤེལ་རྒྱུ་ནི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐད་ཀར་འབྲེལ་བའི་སྐོར་གྱི་སྲིད་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། བཟོ་སྐྲུན་གལ་ཆེན་སོགས་ཕྱོགས་དུ་མའི་འབྲེལ་མཐུད་མཐུན་སྦྱོར་བྱ་བ་དམ་འཛིན་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཕན་པའི་རྒྱབ་སྐྱོར་གང་མང་བརྩོན་ལེན་བྱས་པར་མ་ཟད། མཚོ་སྔོན་གྱི་འཕེལ་རྒྱས་ཇུས་ཆེན་ལ་མཉམ་དུ་གྲོས་སྡུར་བྱས།

ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀུན་གྱི་ཚབ་བྱས་ནས། རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་ཐུགས་ཁུར་ཟབ་བཞེས་གནང་བར་བཀའ་དྲིན་ཞུས། ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་ཀྱིས་བཤད་རྒྱུར། མིག་སྔའི་མཚོ་སྔོན་ནི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བ་ལྟར། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་དངོས་འཛིན་བདེན་གཉེར། དཀའ་ངལ་ཡོད་ཀྱང་མདུན་དུ་བསྐྱོད་པ་བཅས་ལ་འབད་དེ། སྐས་རྐང་གསར་བའི་སྟེང་དུ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྒང་ཡིན་པར་མ་ཟད། རྒྱལ་ཡོངས་དང་དུས་མཉམ་གཅིག་ཏུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འགན་ལེན་ཁག་ཐེག་བྱེད་བཞིན་ཡོད། རེ་བ་ཡིན་ན། རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་རྒྱུ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཞན་ཆ་དུས་ལྟར་གསབ་རོགས་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀག་རྒྱ་ལྷོད་གྲོལ་གཏོང་རོགས་བྱས་ཏེ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་རེ་བཞིན་ཡོད་ཟེར།

རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ལ་མཐོང་ཆེན་བླ་མེད་གནང་བར་མ་ཟད། འགན་ཁུར་བློ་མཐུན་གཙོ་བོའི་ཐུགས་ངལ་ལ་མ་འཛེམ་པར་སྐུ་དངོས་ཀྱིས་གྲོས་སྡུར་བྱ་བར་མགོ་འཛིན་བྱས། ཁོ་ཚོས་བཤད་རྒྱུར། ཕན་ཚུན་ཕྱོགས་ཀའི་གྲོས་སྡུར་བྱས་པ་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་གོ་བ་བསྐྱར་ལེན་བྱེད་ཐུབ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསྒྱུར་དགོས་པའི་བཞིའི་བསམ་ཕྱོགས་ལ་མཐའ་གཅིག་ཏུ་འཐད་པ་བྱུང་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་པར་མ་ཟད། མཚོ་སྔོན་གྱིས་བཏོན་པའི་འབྲེལ་ཡོད་གྲོས་གཞི་དང་ལས་རིམ་ཁག་སོ་སོའི་དོགས་གཞིར་ཧུར་བརྩོན་ཆེན་པོས་ཕྱིར་ལན་སྤྲད་པ་རེད།
ཀྲང་ཀོང་རུང་དང་མཱ་ཧྲོན་ཆིན། ཝང་ཡུས་པའོ། ཁྲིན་ལིས་ཧྭ། ཁོང་ཡུང་། ཝང་ལིས་མིན། ཡང་ཧྥིན་ཁྲོན། ཐེན་ཅིན་ཁྲིན་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།