ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞིན་ཧྭ་གསར་འགྱུར་ཁང་གིས་བཀའ་གནང་བ་ལྟར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་དོན་ཁ་ཚང་འགྲེམ་གཏོང་བྱས།

སྤེལ་དུས། 2017-03-20 09:09:39   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་བཀའ་གནང་བ་ལྟར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་དོན་ཁ་ཚང་འགྲེམ་གཏོང་བྱས། ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་སྙན་ཞུ་དེ་གཉིས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་མ་ཟད་སྙན་ཞུ་དེ་གཉིས་ལ་ཆོག་མཆན་བཀོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་ལས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འདས་པའི་ལོ་གཅིག་གི་ནང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་བཅོས་སྒྱུར་གསར་སྐྲུན་བྱས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས་ཡོད་པར་མ་ཟད་ཕྱོགས་ལྔ་ནས་ཉིས་སྟོང་བཅུ་བདུན་ལོའི་བྱ་བར་བཀོད་སྒྲིག་བྱས་ཡོད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་འདས་པའི་ལོ་གཅིག་གི་ནང་བསྒྲུབས་པའི་བྱ་བ་གཙོ་བོར་ཕྱིར་དྲན་བྱས་ཡོད་པར་མ་ཟད་ཕྱོགས་དྲུག་ནས་ཉིས་སྟོང་བཅུ་བདུན་ལོའི་བྱ་བར་བཀོད་སྒྲིག་བྱས་ཡོད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།