ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལྟ་ཞིབ་པུའུ་ཡི་པུའུ་ཀྲང་ཡང་ཞོ་ཏུའུ་ཡིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེས་བརྩེ་བ་དང་སྤྱོད་གཙང་གི་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་ངེས་ཡིན་ཞེས་བསྟན།

སྤེལ་དུས། 2017-03-20 09:42:44   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། ལྟ་ཞིབ་པུའུ་ཡི་པུའུ་ཀྲང་ཡང་ཞོ་ཏུའུ་ཡིས་བཤད་རྒྱུར། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་མུ་མཐུད་དུ་ལག་བསྟར་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རང་རྒྱལ་དུ་རྣམ་པ་གསར་བའི་བརྩེ་བ་དང་སྤྱོད་གཙང་གི་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་བ་ཆགས་བཞིན་ཡོད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་དེས་འབྲེལ་བ་དེ་གསར་སྐྲུན་བྱེད་པའི་ཁྲོད་དུ་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར།

ཡང་ཞོ་ཏུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཚོགས་པའི་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་སྟེང་བཤད་རྒྱུར། བརྩེ་བ་ནི་སྲིད་གཞུང་དང་ཁེ་ལས་བར་དུ་མཐུན་སྒྲིལ་དང་མཐུན་སྦྱོར། ཕན་ཚུན་ལ་བརྩི་འཇོག་བྱེད་པའི་དོན་ཡིན་པ་དང་། སྤྱོད་གཙང་ནི་སྲིད་གཞུང་སྤྱོད་གཙང་དང་ཁེ་ལས་ཚད་ལྡན་ཡིན་པའི་དོན་ཡིན་ཟེར།

ཡང་ཞོ་ཏུའུ་ཡིས་བཤད་རྒྱུར། རུལ་སུངས་ལ་ངོ་རྒོལ་བྱས་པ་བརྒྱུད། སྤྱི་དབང་ནུས་པ་ལག་བསྟར་བཟང་བོ་བྱེད་པར་འགན་སྲུང་བྱེད་ཐུབ་པ་དང་། དཔོན་ཚོང་ངན་འབྲེལ་བྱེད་པའི་ཁེ་ཕན་གྱི་རྒྱུན་རྩ་བ་ནས་བཅད་དེ། འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་ཆགས་པར་སྐུལ་འདེད་གཏོང་བ་དང་། བརྩེ་བ་དང་སྤྱོད་གཙང་གི་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།