ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་གྱིས་ཏ་ཐུང་རྫོང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས། 2017-08-19 09:41:50   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཏ་ཐུང་རྫོང་ཆའོ་ཐི་གྲོང་རྡལ་དུ་སོང་ནས། གྲམ་ཆུ་བྱང་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཕྲིན་བཅར་ཡར་ཞུ་ཐད་ཀྱི་འབྲེལ་ཡོད་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་འཐབ་ཇུས་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་པ། སེམས་ཐག་རྦད་ཆོད་ཀྱིས་གནད་དོན་ལ་དག་ཐེར་ལེགས་བཅོས་བྱས་ཏེ། བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་གོ་ཧྲིན་ཏ་ཐུང་རྫོང་བཅིངས་འགྲོལ་ལམ་འཛུགས་སྐྲུན་ཟམ་པའི་ཁར་སོང་ནས། གྲམ་ཆུ་བྱང་མའི་བྱེ་འདམ་ཆགས་ཚད་དང་། ཆུ་རྐའི་བྱེ་འདམ་གཙང་དག་བྱེད་པ། ཆུའི་རྒྱུ་སྤུས་འགྱུར་ལྡོག་སོགས་གནས་ཚུལ་ཐད་ནས་ལྟ་ཞིབ་དང་རྒྱུས་ལོན་བྱས་པ་དང་། ཏ་ཐུང་ཡུན་ཁང་རྡོ་སོལ་ཉོ་ཚོང་ཚད་ཡོད་ཀུང་ཟིའི་བཙོག་ཆུ་འདོན་ས་དང་ཉར་ཚགས་བྱས་པའི་རྡོ་སོལ་གཙང་བཤེར་བྱེད་པ། ཆར་ཆུ་བསྡུ་གསོག་སྒྲིག་ཆས་འཛུགས་སྐྲུན་སོགས་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས།

ཝང་གོ་ཧྲིན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོའི་ཁོར་ཡུག་ཁྲིམས་འཛིན་ཞིབ་བཤེར་ཐད་ཤུགས་སྣོན་པ། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་སྤྱོད་ཚུལ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བྱེད་པ། བཙོག་ཆུ་དང་སྙིགས་རླངས་ཕྱིར་འདོན་པའི་ཐད་ནས་ཚད་གཞི་དང་མི་མཐུན་པའི་ཁེ་ལས་ཀྱི་སྒོ་རྒྱག་ཏུ་བཅུག་ནས་དག་ཐེར་ལེགས་བཅོས་བྱེད་པ། དག་ཐེར་ལེགས་བཅོས་བྱས་རྗེས་སྔར་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་བའི་ཚད་གཞིར་བསླེབས་མེད་པའི་ཁེ་ལས་ལ་ཁྲིམས་ལྟར་གཏན་ནས་སྒོ་རྒྱག་ཏུ་བཅུག་སྟེ། སྐྱེ་ཁམས་ཚད་མཐའ་དེ་ཁྲིམས་འགལ་ལུགས་འགལ་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མཐོ་གནོན་གློག་སྐུད་ལྟ་བུར་འགྱུར་བར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་བྱ་བར་ལྟ་ཞིབ་དང་མཛུབ་སྟོན་བྱས་པ་དེ་ནི། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤེལ་བའི་གོ་སྐབས་གལ་ཆེན་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་རྟོགས་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་དང་ལས་བྱེད་པ་ལྷག་པར་དུ་ཏང་སྲིད་མགོ་ཁྲིད་དང་པོས་ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱེད་པ་དང་། རང་ཉིད་དངོས་སུ་ཞུགས་པ་དང་འོག་རིམ་གྱི་སྣེ་ཁྲིད་དེ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བརྒྱུད་སྤྲོད་བྱས་པའི་འཕྲིན་བཅར་ཞུ་གཏུག་གྱོད་གཞི་དང་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་འབུར་ཐོན་གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་བྱེད་པ། ཕན་འབྲས་བརྩོན་ལེན་བྱས་ནས། གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་དག་ཐེར་ལེགས་བཅོས་བཟང་བོ་བྱེད་དགོས། ཉམས་ཞན་སར་དོ་སྣང་བྱེད་པ་དང་། ལས་འགན་དང་དག་ཐེར་ལེགས་བཅོས་ཐད་ཀྱི་གསལ་ཁྲ་འཛུགས་པ་དང་། དུས་བཀག་གཏན་ཁེལ་བྱས་ཏེ། གྱོད་གཞི་རེ་རེ་ཚང་མ་འགན་འཁྲི་མི་སྣའི་སྟེང་དངོས་འབེབས་བྱེད་དགོས། བྱ་བ་མི་བསྒྲུབ་པ་དང་བྱ་བ་ནན་ཏན་སྒོས་མི་བསྒྲུབ་པའི་ལས་བྱེད་པར་ཐག་གཅོད་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།