ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་བདེ་ལེགས་ངང་མཇུག་བསྡུས་པ་དང་ཝང་གོ་ཧྲིན་དང་ཝང་ཅན་ཅུན་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

སྤེལ་དུས། 2017-08-20 09:43:21   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་གྱི་དགོང་མོར། བསྟུད་མུར་ཉིན་དྲུག་གི་འགྲན་རྩོད་དང་འཁྲབ་སྟོན་གང་མང་བྱས་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་བདེ་ལེགས་ངང་མཇུག་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། ལུས་རྩལ་འགྲན་ཚོགས་སྟེང་ཞུགས་པའི་མི་རིགས་སོ་སོའི་ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ལ་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པར་མ་ཟད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་འཐུབ་ཚབ་ཚོགས་པ་དང་ལུས་རྩལ་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། དེ་མིན་ད་དུང་ལུས་རྩལ་འགྲན་ཚོགས་བདེ་ལེགས་ངང་སྤེལ་བར་འབད་འབུངས་ཧུར་བསྐྱེད་གང་ལེགས་བྱས་པའི་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

ཤིས་ཚིག་ཁྲོད་བསྟན་དོན། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། མི་རིགས་ལུས་རྩལ་ལས་དོན་དང་ལུས་སྦྱོང་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ལས་དོན་མང་ཚོགས་ཅན་དང་མི་ཆོས་ཅན། དངོས་ཕུང་ཅན་གྱི་ཕྱོགས་སུ་འཕེལ་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་གཅིག་དགུ་གོ་བདུན་ལོར་བསྡུ་འགོ་བརྩམས་པ་ནས་བཟུང་། ཐོག་མཐའ་བར་གསུམ་ཀུན་ཏུ་མི་རིགས་ལུས་རྩལ་ལས་དོན་འཕེལ་རྒྱས་གཏོང་བ་དང་མི་རིགས་རིག་གནས་དར་སྤེལ་གཏོང་བ། མི་རིགས་སྙིང་སྟོབས་དར་རྒྱས་གཏོང་བ་བཅས་ཀྱི་དགོངས་གཞི་རྒྱུན་འཁྱོངས་གང་ལེགས་བྱས་ཏེ། དུས་རབས་ཀྱི་གོམ་འགྲོས་དང་རུང་བསྟུན་བྱེད་པ་དང་འགྲན་སྡུར་གྱི་ཁྱད་ཆོས་སྔར་ལས་སྣ་མང་ཅན་དུ་གཏོང་བ། བར་མ་ཆད་པའི་སྒོ་ནས་མི་རིགས་རིག་གནས་ཀྱི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་རྒྱ་ཆེན་པོའི་ངང་གཅིག་བསྡུས་བྱེད་པ་བཅས་ལ་བརྩོན་མཐར། ད་ལྟ་ལུས་རྩལ་འགྲན་ཚོགས་འདི་ཉིད་ནི་མཚོ་སྔོན་གྱི་གཞི་ཁྱོན་ཆེས་ཆེ་བ་དང་ཆུ་ཚད་ཆེས་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་ལས་དོན་ཞིག་ཡིན་པས། འགྲན་ཚོགས་འདི་ཉིད་ནི་མི་རིགས་ཚང་མའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཆེན་མོ་ཞིག་དང་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་མཐར། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་ཟེར།

ཤིས་ཚིག་ཁྲོད་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་བསྡུས་པ་ནི། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ལས་དོན་དང་མི་རིགས་ལུས་རྩལ་ལས་དོན་ལ་གཙིགས་འཛིན་བྱེད་པ་མཚོན་པར་མ་ཟད། མཚོ་སྔོན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་ལས་དོན་གྱི་གྲུབ་འབྲས་མངོན་པར་མཚོན་ཞིང་། རིགས་སོ་སོའི་མང་ཚོགས་རྣམས་ཀྱི་འགྲོ་འོང་དང་བསམ་ཚུལ་བརྗེ་རེས་བྱ་བར་སྐུལ་འདེད་ཤུགས་ཆེན་བྱས་པ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བདེ་ཐང་ངང་འཕེལ་བར་སྐུལ་འདེད་བྱས། དེ་ནི་མཐུན་སྒྲིལ་ལྟས་བཟང་དང་ལྗང་མདོག་མི་ཆོས། མི་སེམས་གཅིག་གྱུར་བཅས་ཀྱི་ཁྱད་ཆོས་ཀུན་ནས་རྫོགས་པའི་ལུས་རྩལ་བྱེད་སྒོ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཉམ་འཛོམས་ཆེན་མོ་དང་བསམ་ཚུལ་བརྗེ་རེས་ཆེན་མོ། མཐུན་སྒྲིལ་ཆེན་མོ་བཅས་ཀྱི་མངོན་སྟངས་ཤིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་བར་མ་ཆད་པའི་ངང་དུས་རབས་ཀྱི་འཕེལ་རྒྱས་གོམ་འགྲོས་དང་མི་དམངས་མང་ཚོགས་ཀྱི་རེ་བར་བསྟུན་ཅི་ཐུབ་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་ཏུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་དགོས་པ་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་དར་ཆ་མཐོན་པོར་བསྒྲེང་བ། ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། སྒྱུར་བ་བཞི་ཤུགས་ཆེན་པོས་སྤེལ་བ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེན་མོ་འབད་པས་བསྐྲུན་པ་བཅས་བྱས་མཐར། སྐས་རྐང་གསར་བའི་སྟེང་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཉེར་དྲུག་ཉིན་གྱི་གཏམ་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པའི་གནད་འགག་གི་སྐབས་སུ་བསྡུས་པའི་མི་རིགས་ལུས་རྩལ་འགྲན་ཚོགས་གྲ་རྒྱས་པོ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འཐུས་ཚབ་ཚོགས་པ་བཅུ་དགུའི་འགྲན་ཞུགས་པ་སྟོང་གཅིག་དང་དྲུག་བརྒྱ་ང་དྲུག་འགྲན་སྡུར་བྱེད་སྒོ་ཆེན་མོ་བཅུ་དང་འགྲན་སྡུར་བྱེད་སྒོ་ཆུང་གྲས་ང་གསུམ། འཁྲབ་སྟོན་བྱེད་སྒོ་གཅིག་བཅས་ཀྱི་འགྲན་རིམ་ལ་ཞུགས། མཚོ་ལྷོ་ཁུལ་གྱི་འཐུབ་ཚབ་ཚོགས་པས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་ནས་བསྡོམས་སྐར་ཉིས་བརྒྱ་རེ་དྲུག་གི་གྲུབ་འབྲས་བླངས་པ་ལ་བརྟེན་ནས་ཨང་དང་པོ་བླངས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པར་སོ་སོར་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། ཟི་ལིང་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་དང་མཚོ་ཤར་འཐུས་ཚབ་ཚོགས་པ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པ་སོགས་ཚོགས་པ་བཅུ་དགུར། ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བྱ་དགའ་ཐོབ། ཐེངས་རྗེས་མའི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་མཚོ་ཤར་གྲོང་ཁྱེར་ནས་བསྡུ་རྒྱུ་རེད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།