ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་གྱིས་ཟི་ལིང་ནས་ཁ་ན་ཏའི་ཁ་ན་ཏ་དང་ཀྲུང་གོའི་གྲོས་ཁང་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

སྤེལ་དུས། 2017-08-23 09:28:08   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་ཟི་ལིང་ནས་ཁ་ན་ཏའི་ཁ་ན་ཏ་དང་ཀྲུང་གོའི་གྲོས་ཁང་མཐུན་ཚོགས་ཀྱི་ཐུན་མོང་ཀྲུའུ་ཞི་ཡའེ་ཟི་ཧྥུའུ•ཏའེ་ཡུས་དང་ཐན་ཀུན་གཉིས་ལ་ཐུག་འཕྲད་བྱས་ཤིང་།ཀྲུང་གོར་སྡོད་པའི་ཁ་ན་ཏའི་གཞུང་ཚབ་ཆེན་མོ་མའེ་ཅཱ་ལུན་སོགས་ཁ་ན་ཏའི་ཁ་ན་ཏ་དང་ཀྲུང་གོའི་གྲོས་ཁང་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་བ་དང་། ཕྱོགས་གཉི་གས་མཛའ་བརྩེ་ཟབ་མོའི་སྒོ་ནས་གླེང་མོལ་བྱས།

ཝང་གོ་ཧྲིན་གྱིས་འཐུབ་ཚབ་ཚོགས་པ་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱེད་དུ་ཡོང་བར་དགའ་བསུ་ཞུས་ཤིང་། རྟོག་ཞིབ་བྱེད་མཁན་རྣམས་ལ་མཚོ་སྔོན་གྱི་གནས་བབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན་ཞིང་། རླབས་ཆེན་གྱི་རྒྱལ་སྤྱི་རིང་ལུགས་པའི་འཐབ་མོ་བ་སྨན་པ་པའེ་ཆིག་ཨུན་ལགས་ཀྱིས། ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་རྒྱལ་ཁའི་ཆེད་དུ་གཅེས་སྲོག་ཕངས་མེད་དུ་བཏང་ནས། ཁ་ན་ཏ་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཡི་མཚོན་རྟགས་དང་འཐུས་མི་ཞིག་ཏུ་གྱུར་ཡོད། ཉིས་སྟོང་བཅུ་ལོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ས་འགུལ་དྲག་པོ་རྒྱུག་མ་ཐག ཁ་ན་ཏ་སྲིད་གཞུང་གིས་ས་འགུལ་གནོད་འཚེར་འཚམས་འདྲི་དང་མི་ཆོས་རིང་ལུགས་ཀྱི་རོགས་འདེགས་བྱས་པའི་དོན་དེ་མཚོ་སྔོན་མི་དམངས་ཀྱི་སེམས་ཁོང་ན་རྡོ་ལ་རི་མོ་བརྐོས་པ་བཞིན་ཉར་ཡོད། མཚོ་སྔོན་ལ་ས་རྒྱ་ཆེ་ཞིང་རིག་གནས་སྣ་མང་ཡིན་པ་དང་། མི་རིགས་སྣ་འདུས་དང་ཆོས་ལུགས་སྣ་མང་གི་ཞིང་ཆེན་དམིགས་བསལ་བ་ཞིག་ཡིན་ལ། ཡུལ་ཁམས་འདིའི་སྐྱེ་ཁམས་གོ་གནས་གལ་འགངས་ཆེ་ཤོས་སུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། རིགས་སོ་སོའི་མི་རིགས་ཚང་མ་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་མོའི་རུམ་ཁོང་དྲོན་མོ་རུ་བདེ་བར་གནས་ཡོད་ཅིང་། ཕན་ཚུན་འཆམ་མཐུན་མཉམ་གནས་དང་བདེ་སྐྱིད་དཔལ་ལ་རོལ་བཞིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་མོ་མཚོ་སྔོན་གྱི་ས་གཞིའི་སྟེང་ན་གསོན་ཉམས་ལྡན་པའི་ངང་མངོན་ཡོད། མིག་སྔར། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཀྱི་ཚོད་ལྟའི་བྱ་བ་ཡར་ལྡན་དུ་སྤེལ་བཞིན་ཡོད་ཅིང་། འཛམ་གླིང་གི་སྔོན་ཐོན་ཡིན་པའི་རྒྱལ་ཁབ་སྤྱི་གླིང་ཞིག་འཛུགས་པར་ཧུར་བརྩོན་བྱེད་བཞིན་ཡོད། རེ་བ་ཡིན་ན་ཐེངས་འདིའི་འཐུབ་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུ་ཡོང་བའི་གོ་སྐབས་དང་བསྟུན་ནས། སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་འགྲོ་འོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཤིང་། བརྗེ་རེས་བར་སྟོང་དང་མཉམ་ལས་ཁྱབ་ཁོངས་སྔར་ལས་ཆེར་བསྐྱེད་དེ། རྒྱལ་ཁབ་གཉི་གའི་མི་ཆོས་དང་སྐྱེ་ཁམས། ཡུལ་སྐོར། ཉོ་འཚོང་སོགས་ཕྱོགས་དུ་མའི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཡའེ་ཟི་ཧྥུའུ•ཏའེ་ཡུས་དང་ཐན་ཀུན། མའེ་ཅཱ་ལུན་བཅས་ཀྱིས་བསྟན་དོན། ལོ་ངོ་དུ་མའི་རིང་ལ། ཁ་ན་ཏ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དམ་པོ་རྒྱུན་འཁྱོངས་གང་ལེགས་བྱས་ཡོད་ལ། ཐེངས་འདིའི་མཚོ་སྔོན་གྱི་རྟོག་ཞིབ་ལས་དོན་བརྒྱུད་དེ་ང་ཚོར་བག་ཆགས་ཟབ་མོ་བཞག་སོང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་ཟབ་མོ་དང་ཉིན་བཞིན་ཡར་རྒྱས་ཡོང་བར་རེ་བའི་གསོན་ཤུགས། ཁྱད་པར་དུ་ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་གྲུབ་འབྲས་བཅས་ཀྱིས་ཀུན་གྱི་མིག་དབང་ཅིག་ཅར་འཕྲོག རེ་བ་ཡིན་ན་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་བར་དུ་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཕན་ཚུན་གཉིས་ཕན་གཉིས་རྒྱལ་གྱི་ཁྲོད་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་འབད་དགོས་ཟེར།

ཡུས་ཚུང་ལི་དང་མུའུ་ཏུང་ཧྲིན། དབང་མོ་བཅས་ཀྱིས་ཐུག་འཕྲད་བྱེད་སྐབས་བཞུགས་མོལ་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།