ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་གྱིས་མཚོ་ཤར་བཟོ་ལས་ར་བར་རྟོག་ཞིབ་བྱས།

སྤེལ་དུས། 2017-08-30 09:13:11   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མཚོ་ཤར་བཟོ་ལས་ར་བར་སོང་ནས། ཁྱད་ལྡན་ཐོན་ལས་དང་ལག་རྩལ་རིམ་པ་མཐོ་ཤོས་སོགས་བཟོ་ལས་ར་བའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སྣེ་སྟོན་དུ་བཟུང་ནས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། བར་མ་ཆད་པའི་ངང་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་དགོས། ཤུགས་ཆེན་པོས་ཐོན་ལས་གསར་བ་དང་ལག་རྩལ་གསར་བ། ལས་རྣམ་གསར་བ། གཞི་ཁྱོན་གསར་བ་བཅས་འཕེལ་རྒྱས་སུ་བཏང་བར་བརྟེན་ནས། མཚོ་སྔོན་གྱིས་ཚད་གཞི་མཐོ་ལ་རྣམ་པ་གསར་རྐྱང་གི་ཐོན་ལས་འཕེལ་རྒྱས་ཁྲོད་སྔོན་མ་ལས་རྗེས་མ་གཟེངས་སུ་ཐོན་པར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྣམ་པ་གསར་རྐྱང་གི་བཟོ་ལས་ཅན་གྱི་བགྲོད་ལམ་ཡངས་པོར་བཏོད་མཐར། ཏན་ཏན་ཏིག་ཏིག་ངང་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་གཏོང་དགོས་ཞེས་བསྟན།

ཝང་གོ་ཧྲིན་གྱིས་མཚོ་སྔོན་པིས་ཡ་ཏིས་ཀུང་ཟི་ནས་ལིན་སྐྱུར་ལིས་ལྕགས་དང་སྒུལ་ཤུགས་གློག་རྫས་ལས་གཞི་ཨར་ལས་ཡུལ་དངོས་ནས། ལས་གཞིའི་འཆར་འགོད་བཀོད་འགྲེམ་ལ་རྟོག་ཞིབ་དང་འཛུགས་སྐྲུན་པའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་འདྲི་རྩད་བྱས་ཏེ། ཚང་མར་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་འབད་དེ། སྔ་མོ་ནས་ཐོན་ལས་ཀྱི་དངུལ་གཏོང་བརྩོན་ལེན་བྱེད་དགོས་པར་གདམས། ཁོས་བཟོ་ལས་ར་བ་དང་ཁེ་ལས་འགན་ཁུར་མི་སྣར། ཚད་གཞི་ཇེ་མཐོར་གཏོང་བ་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ། གཟབ་ནན་སྒོས་ཁོར་ཡུག་སྲུང་སྐྱོབ་ལས་གཞིའི་བླང་བྱ་མ་ལུས་དངོས་འབེབས་བྱས་ཏེ། འཕེལ་རྒྱས་དང་སྲུང་སྐྱོབ་གཉིས་རྒྱལ་གྱི་རྣམ་པ་མངོན་དུ་འགྱུར་བར་བྱེད་དགོས་ཟེར།

དེའི་རྗེས་ཝང་གོ་ཧྲིན་སྔ་གཞུག་ཏུ་མཚོ་ཤར་ཚན་རྩལ་གསར་གཏོད་ཐོག་ཁང་ཆེན་མོ་དང་མཐོ་སྒང་གཞི་འཛིན་གྲངས་མཛོད་ལྟེ་གནས་སུ་སོང་སྟེ་ཡུལ་དངོས་ནས་རྟོག་ཞིབ་བྱས། ཁོས་བསྟན་དོན། མཚོ་ཤར་ཚན་རྩལ་ར་བས་ཚན་རྩལ་གསར་གཏོད་མཛུབ་སྟོན་དུ་བཟུང་ནས། ཤུགས་ཆེན་པོས་འཇོན་ལྡན་མི་སྣ་ངང་གིས་འདུ་སའི་རྟེན་གཞི་དང་ཚན་རྩལ་གསར་གཏོད་རྟེན་གཞི། ཁེ་ལས་གསོ་སྐྱོང་རྟེན་གཞི་བཅས་བསྐྲུན་དགོས། མཉམ་འབྲེལ་དྲ་རྒྱ་དང་གཞི་འཛིན་གྲངས་ཀ་ཆེན་མོའི་དུས་རབས་ཀྱི་ཚན་རྩལ་བཙན་ས་དམ་འཛིན་བྱས་ཏེ། མཚོ་སྔོན་འདི་ཉིད་ཐོན་ལས་གསར་བ་དང་ཚན་རྩལ་གསར་བ། ལས་རྣམ་གསར་བ་བཅས་ཀྱི་ཁྲོད་སྔོན་མ་ལས་རྗེས་མ་གཟེངས་སུ་ཐོན་པར་འབད་དགོས་ཟེར།
ཡུས་ཚུང་ལི་ཡིས་རྟོག་ཞིབ་བྱེད་རོགས་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།