ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་གྱིས་ཚ་རྔ་འགག་ཆུ་གློག་ས་ཚིགས་སུ་རྟོག་ཞིབ་བྱས།

སྤེལ་དུས། 2017-09-06 09:05:30   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་ཆུ་གློག་ས་ཚིགས་སུ་སོང་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཐད་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་འདུ་ཤེས་གསར་བ་དང་བསྒྱུར་བ་བཞི་ལག་བསྟར་བྱེད་པ། དགེ་མཚན་ཐོན་ཁུངས་ལ་རྒྱབ་རྟེན་པ། འཕེལ་རྒྱས་བསམ་བློར་གསར་གཏོད་བྱེད་པ། མྱུར་དུ་ཚུལ་བསྒྱུར་རིམ་སྤོར་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཚ་རྔ་འགག་སོགས་མཛོད་ཁུལ་དེ་སྐྱེ་ཁམས་དང་རིག་གནས། ལུས་རྩལ། གནས་སྐོར་ལྗོངས་རྒྱུ་ཁུལ་བཟང་བོར་འཛུགས་སྐྲུན་བྱེད་དགོས་ཟེར།

ཚ་རྔ་འགག་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱི་རྨ་ཆུའི་སྟོད་རྒྱུད་ཀྱི་འཆར་འགོད་འཛུགས་སྐྲུན་གྱི་སྐས་རིམ་ཆུ་གློག་ས་ཚིགས་ཆེས་ཐོག་མ་ཡིན་ལ། རྒྱལ་ཡོངས་ཀྱི་འཛུགས་སྐྲུན་མཁན་ཁྲི་ལྔ་ཙམ་གྱིས་དུས་ཡུན་ལོ་ངོ་བཅུ་གསུམ་གྱི་འཛུགས་སྐྲུན་བརྒྱུད་དེ་ཡོངས་འགྲུབ་བྱས་པ་ཡིན་པ་དང་། དེས་དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུའི་སྐབས་ཀྱི་ཀྲུང་གོའི་ཆུ་གློག་བཟོ་སྐྲུན་གྱི་ཆེས་མཐོ་བའི་ཆུ་ཚད་མཚོན་ལ། ད་སྐབས་ད་དུང་གློག་འདོན་དང་ཆུ་ལོག་འགོག་པ། ཆུ་གཏོང་། གནས་སྐོར། གསོ་སྤེལ་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་བཞིན་ཡོད།

ཝང་གོ་ཧྲིན་གྱིས་ཡུལ་དངོས་ནས་རྨ་ཆུའི་གཞུང་རྒྱུན་གྱི་སྐས་རིམ་ཆུ་གློག་ས་ཚིགས་ཀྱི་གསར་སྤེལ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། མཛོད་ཁུལ་གྱི་ཆུ་གསོག་དང་ཆུའི་ཐོན་ཁུངས་བཀོད་སྒྲིག དྲ་སྒམ་གསོ་སྤེལ་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ཝང་གོ་ཧྲིན་གྱིས་བསྟན་དོན། ཚ་རྔ་འགག་ཆུ་གློག་ས་ཚིགས་ནི་རྨ་ཆུའི་ཆུ་རགས་དང་པོ་ཡིན་པ་དང་། ད་ལོར་ཚ་རྔ་འགག་གྲོང་རྡལ་དེ་རྒྱལ་ཁབ་ཀྱི་སྐོར་ཁག་གཉིས་པའི་ཁྱད་ལྡན་གྲོང་རྡལ་གྱི་གྲས་སུ་ཚུད། གྲོང་གསེབ་དང་ལྗོངས་རྒྱུ་ཁུལ་གཅིག་གྱུར་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པར། སྐྱེ་ཁམས་འདུ་ཤེས་དང་རིག་གནས་འདུ་ཤེས་འཛུགས་པ་དང་། འགོ་ཚུགས་ས་མཐོན་པོ་དང་ཆུ་ཚད་མཐོན་པོས་ཁྱད་ལྡན་གྲོང་རྡལ་དང་ལྗོངས་རྒྱུ་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་དམ་འཛིན་བྱེད་པ། ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རྒྱུ་སྤུས་མཐོར་འདེགས་བྱེད་པ། ཁྱད་ལྡན་གནས་སྐོར་ཞབས་ཞུའི་རྩོལ་ནུས་དང་གཞུང་ལམ། བཟའ་བཏུང་། རླངས་འཁོར་འཇོག་ས། སྤྱོད་ཁང་སོགས་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱད་ལྡན་གྲོང་རྡལ་དང་ཁྱད་ལྡན་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་སྤེལ་ནས། རྨ་ཆུའི་གྲོང་རྡལ་དང་པོ་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རྨ་ཆུའི་སྟོད་རྒྱུད་ཀྱི་རི་ཆུའི་ཐོན་ཁུངས་ཀྱི་དགེ་མཚན་ལ་ཞིབ་འཇུག་ནན་མོ་བྱེད་པ་དང་། མིག་རྒྱ་དང་བསམ་བློ་རྒྱ་བསྐྱེད་པ། འཕེལ་རྒྱས་ཀྱི་རྣམ་པར་གསར་གཏོད་བྱེད་པ། རྨ་ཆུའི་རིག་གནས་དང་བཟོ་ལས་རིག་གནས། མི་རིགས་རིག་གནས་སྲོག་རྩར་བྱས་ཏེ། ཚ་རྔ་འགག་མཛོད་ཁུལ་དེ་ལྟ་སྐོར་དང་རིག་གནས་མྱོང་ཚོར། ལུས་རྩལ་ལུས་སྦྱོང་། ལུས་གསོ་སྤྲོ་གསེང་བཅས་གཞི་གཅིག་ཅན་གྱི་གནས་སྐོར་དམིགས་འབེན་ས་ཁུལ་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཡུས་ཚོང་ལི་ཡིས་མཉམ་དུ་རྟོག་ཞིབ་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།