ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་གྱིས་ཟི་ལིང་ནས་ཀྲུང་གོར་སྡོད་པའི་འཇར་མན་གྱི་དབུ་བཞུགས་བློན་ཆེན་ཁི་མུའུ་ཞན་སོགས་ལ་ཐུག་འཕྲད་བྱས།

སྤེལ་དུས། 2017-09-08 09:12:00   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་དགུ་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་ཟི་ལིང་ནས་ཀྲུང་གོར་སྡོད་པའི་འཇར་མན་གྱི་དབུ་བཞུགས་བློན་ཆེན་ཁི་མུའུ་ཞན་སོགས་ལ་ཐུག་འཕྲད་བྱས།

ཝང་གོ་ཧྲིན་གྱིས་དབུ་བཞུགས་བློན་ཆེན་ཁི་མུའུ་ཞན་གྱིས་མཚོ་སྔོན་ལ་འཚམས་འདྲི་བྱས་པར་དགའ་བསུ་ཞུས་པར་མ་ཟད། ཐེངས་སྔོན་མར་འཇར་མན་ལ་རྟོག་ཞིབ་འཚམས་འདྲི་བྱེད་པའི་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱས། ཁོས་བཤད་རྒྱུར། འཇར་མན་གྱི་བཟོ་ལས་བཟོ་སྐྲུན་དང་གྲོང་ཁྱེར་དོ་དམ། སྐྱེ་ཁམས་འཛུགས་སྐྲུན་སོགས་ཕྱོགས་ནས་ང་རང་ལ་བག་ཆགས་ཟབ་མོ་བཞག་པ་དང་། འཇར་མན་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅིངས་པའི་མཛའ་བརྩེས་ང་རང་ལ་སེམས་འགུལ་ཐེབས་སུ་བཅུག་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། མཚོ་སྔོན་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། འཛམ་གླིང་གི་ཡང་རྩེ་དང་ཀྲུང་ཧྭའི་ཆུ་གཏེར་གྱི་མཚན་སྙན་ཐོབ་ཡོད་ལ། མི་རིགས་དང་ཆོས་ལུགས་མང་ཞིང་རིག་གནས་མང་བའི་ཞིང་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བྱེད་བཞིན་པའི་སྒང་ཡིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་ལས་ཀྱི་ཞིང་ཆེན་གལ་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་དང་འཇར་མན་བར་གྱི་དཔལ་འབྱོར་ཐད་ནས་ཕན་ཚུན་ཁ་གསབ་བྱེད་པའི་རང་བཞིན་ལྡན་པ་དང་། མཉམ་ལས་བར་སྟོང་ཧ་ཅང་རྒྱ་ཆེ་པས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་དེ་གོ་སྐབས་སུ་བརྩི་བ་དང་། མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མིའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། དྲག་ཆས་བཟོ་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སློབ་གསོ་འཕྲོད་བསྟེན། རིག་གནས་གནས་སྐོར། རིག་མཛོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། འཇར་མན་གྱི་ཁེ་ལས་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་། གྲོགས་པོ་སྔར་ལས་མང་པོ་མཚོ་སྔོན་དུ་གནས་སྐོར་ལྗོངས་རྒྱུ་རུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཁི་མུའུ་ཞན་གྱིས་མཚོ་སྔོན་གྱིས་སྣེ་ལེན་བཟང་བོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་སོང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འཚམས་འདྲི་ཡང་ཇེ་མང་དུ་སོང་ཡོད་ལ། དཔལ་འབྱོར་ཉོ་ཚོང་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་འཇར་མན་གྱི་ཉོ་ཚོང་གྲོགས་པོ་དང་པོར་གྱུར་ཡོད། མཚོ་སྔོན་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཞིང་ཆེན་གཙོ་བོ་ཡིན་ལ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་མཉམ་ལས་སྤེལ་བ་དེས་འཇར་མན་དང་ཀྲུང་གོ་དང་མཚོ་སྔོན་བར་གྱི་འབྲེལ་འདྲིས་སྔར་ལས་ཇེ་ཟབ་བཏང་ཡོད། ང་ཚོས་ཚན་རྩལ་དང་ཚོང་ར། ཤེས་ལྡན་མི་སྣ། དོ་དམ་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་བར་གྱི་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་པ། མཉམ་ལས་ཁྱབ་ཁོངས་དང་བར་སྟོང་རྒྱ་བསྐྱེད་དེ། མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཡུས་ཚོང་ལི་དང་ཡཱང་ཧྥིན་ཁྲོན་གཉིས་ཐུག་འཕྲད་ལ་ཞུགས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།