ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

དབྱང་སུང་དང་ཝང་གོ་ཧྲིན། ཝང་ཅན་ཅོན། ཧོང་རོན་ཆིག་བཅས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་དང་མཚོ་སྔོན་གྱི་གཞོགས་འདེགས་འགན་སྲུང་ཚན་ཁག་གི་ལས་བཟོ་བར་འཚམས་འདྲི་བྱས།

སྤེལ་དུས། 2017-09-08 10:00:42   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

ཟླ་དགུ་བའི་ཚེས་བདུན་ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་ཐེངས་བདུན་པའི་ཚན་གཙོ་དབྱང་སུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན། ཧྲིན་ཀྲང་ཝང་ཅན་ཅོན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་ཐེངས་བདུན་པའི་ཚན་གཙོ་གཞོན་པ་ཧོང་རོན་ཆིག་བཅས་ཀྱིས་མཉམ་དུ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་དང་། མཚོ་སྔོན་གྱི་གཞོགས་འདེགས་འགན་སྲུང་ཚན་ཁག་གི་ལས་བྱེད་མི་སྣར་འཚམས་འདྲི་བྱས།

དབྱང་སུང་དང་ཝང་གོ་ཧྲིན། ཝང་ཅན་ཅོན། ཧོང་རོན་ཆིག་བཅས་ཀྱིས་སྔ་གཞུག་ཏུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་རྟོག་ཞིབ་ཚན་ཁག་གི་སྡོད་གནས་དང་མཚོ་སྔོན་གྱི་གཞོགས་འདེགས་འགན་སྲུང་ཚན་ཁག་སྡོད་གནས། ཡིག་སྐུར་ཞུ་གཏུག་ཁང་བ། ཕྱོགས་བསྡུས་མཐུན་སྦྱོར་ཚན་ཁག དྲིལ་སྒྲོག་སྙན་འབུལ་ཚན་ཁག ལྟ་སྐུལ་མཛུབ་སྟོན་དང་འགན་འཁྲི་རྩད་གཅོད་ཚན་ཁག མཁོ་སྒྲུབ་འགན་སྲུང་ཚན་ཁག ཕྱོགས་བསྡུས་འབྲེལ་གཏུག་ཚན་ཁག ཡིག་སྐུར་སྣེ་ལེན་ཚན་ཁག མ་རྩོམ་གསོག་ཉར་ཚན་ཁག་སོགས་བྱ་བའི་ཚན་ཁག་མང་པོར་རིམ་པར་སོང་ནས། ལས་བྱེད་མི་སྣའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་དོ་སྣང་དང་འདྲི་རྩད་བྱས་པར་མ་ཟད། ཁོ་ཚོས་འབད་བརྩོན་གང་ལེགས་བྱས་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས།

དབྱང་སུང་གིས་བཤད་རྒྱུར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་ཐེངས་བདུན་པ་མཚོ་སྔོན་དུ་བསྡད་དེ། མཚོ་སྔོན་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་གཞོགས་འདེགས་དམ་ཟབ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས། ཐེངས་འདིའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་འགན་འཁྲི་ལྕི་ཞིང་བླང་བྱ་མཐོ་བས། ཚན་ཁག་སོ་སོའི་ལས་བཟོ་བས་ལས་གནས་བརྟན་སྲུང་དང་རང་འཁྲིའི་ལས་དོན་གཡོལ་མེད་བསྒྲུབས་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གི་བསམ་འཆར་བླང་བྱ་དུས་ལྟར་བརྒྱུད་སྤྲོད་བྱས་པ། ལས་རིམ་ཁག་སོ་སོའི་ལས་དོན་བདེ་ལེགས་ངང་སྤེལ་བ་བཅས་ལ་འབད་མཐར། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ལོན་ཡོད། རེ་བ་ཡིན་ན་ཚང་མས་མ་འོངས་ལས་དོན་ཁྲོད་ནས། བར་མ་ཆད་པའི་ངང་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་དར་སྤེལ་བཏང་སྟེ། རང་སོ་སོའི་ལས་རྐང་སྟེང་ནས་བྱས་རྗེས་ཆེན་པོ་འཇོག་ཐུབ་དགོས་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གིས་མཚོ་སྔོན་ནས་ལྟ་ཞིབ་སྤེལ་བའི་རིང་ལ། དཀའ་སྤྱད་འབད་འཐབ་དང་བརྩོན་པ་ལྷོད་མེད་ཀྱི་བྱེད་ཕྱོགས་བཟང་བོ་དར་སྤེལ་བྱས་པ་དང་། མཐོ་སྒང་གི་ས་བབ་གནོད་རྐྱེན་ཅི་རིགས་ཁྱད་གསོད་བྱས་པ་སོགས་དཀའ་ངལ་མང་པོ་སེལ་ནས། ཤུགས་ཆེན་པོས་ཁོར་ཡུག་སྲུང་སྐྱོབ་ཁྲོད་གནས་པའི་གནད་དོན་འབུར་ཐོན་གསར་འདོན་དང་དུས་ལྟར་ཐག་བཅད་དེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་ཡོད་ཟེར།
ཡུས་ཚུང་ལི་དང་ཐེན་ཅིན་ཁྲིན་གཉིས་གོང་གསལ་བྱ་འགུལ་ལ་ཞུགས།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།