ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་དང་ཝང་ཅན་ཅོན་སོགས་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་རྣམས་ཀྱིས་སློབ་གསོའི་ལས་གནས་སྟེང་གི་དགེ་རྒན་ཚོར་འཚམས་འདྲི་བྱས།

སྤེལ་དུས། 2017-09-10 10:16:21   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

དགེ་རྒན་དུས་ཆེན་ཐེངས་སོ་གསུམ་པ་བསུ་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་སོགས་ཞིང་ཆེན་མགོ་ཁྲིད་རྣམས་ཀྱིས་སོ་སོར་མཐོ་རིམ་སློབ་གྲྭ་དང་དམའ་འབྲིང་། ཏང་གི་སློབ་གྲྭ་བཅས་ཀྱི་ནང་དུ་སོང་ནས། སློབ་གསོའི་ལས་གནས་སྟེང་ན་འབད་འཐབ་བྱེད་ཀྱིན་པའི་དགེ་རྒན་རྣམས་ཀྱི་འཐུས་མིར་འཚམས་འདྲི་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་བཟོ་བ་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་བྱས།

ཟླ་དགུ་བའི་ཚེས་བརྒྱད་ཉིན། ཝང་གོ་ཧྲིན་ཐོག་མར་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་ཡོང་ནས། གླིང་གཙོ་ཀླུ་བྱམས་རྒྱལ་དང་དགེ་རྒན་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཕུལ་བ་དང་། སློབ་གླིང་གི་དགེ་སློབ་དང་མཉམ་དུ་བཞུགས་མོལ་བྱས་ཏེ། བོད་ལུགས་གསོ་རིག་སློབ་གླིང་གིས་ཉེ་བའི་ཆར་སློབ་ཁྲིད་དང་རིག་ཚན། སྨན་བཅོས་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཚང་མའི་བསམ་འཆར་དང་རེ་འདུན་ལ་ཞིབ་མོར་ཉན། བསོད་ནམས་ཚེ་བརྟན་དང་དཔལ་ཆེན་གསང་བདག ཕུན་ཚོགས་ལྷ་བཟང་། རྟ་མགྲིན་སྒྲོལ་མ། སྒྲོལ་མ་འབུམ་སོགས་ཀྱིས་ཧྲུའུ་ཅི་ཝང་གོ་ཧྲིན་ལ་རང་སོ་སོའི་བསམ་བློ་བྱ་བའི་གནས་ཚུལ་སྙན་ཞུར་ཕུལ་། ཉི་མ་ཚེ་རིང་གིས་འཚོ་བའི་ལྟ་སྐྱོང་ཐད་ཀྱི་ཆ་རྐྱེན་བཟང་བོ་ཕངས་མེད་དུ་དོར་ཏེ། ཕྱིར་རང་གི་ཕ་ཡུལ་མཚོ་སྔོན་དུ་ལོག་ནས་འཕེལ་རྒྱས་ལས་དོན་ལ་བརྩོན་པའི་ཐད་དུ། ཁོས་ཝང་གོ་ཧྲིན་ལ་ཕ་ཡུལ་གྱིས་ང་ལ་ཡིད་ཆེས་དང་སྟོབས་ཤུགས་བསྩལ་བྱུང་ཞེས་བཤད་པ་ན། ཝང་གོ་ཧྲིན་གྱིས་ཉི་མ་ཚེ་རིང་གི་ཕ་ཡུལ་ལ་སྲི་ཞུ་བསྒྲུབ་འདོད་པའི་སྙིང་སྟོབས་ལ་གདེང་འཇོག་བྱས། སློབ་གླིང་གི་དགེ་སློང་ཚང་མ་མི་རིགས་སྣ་འདུས་ཡིན་པ་ཤེས་རྗེས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། ཚང་མས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་དམིགས་འབེན་སྙིང་ལ་བཅངས་ནས། མཉམ་དུ་ལས་སྐྲུན་འཕེལ་རྒྱས་སུ་གཏོང་བཞིན་པ་ནི་བདེ་སྐྱིད་ཀྱི་ལས་དོན་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་པོའི་ནང་དུ། ང་ཚོས་དྲོད་ཁོལ་མྱངས་ཐུབ་པ་དང་། སྟོབས་ཤུགས་དང་རེ་བ་ཡང་ཚོར་ཐུབ་པས། ང་ཚོ་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཏང་གི་དྲིན་དྲན་པ་དང་རྒྱལ་ཁབ་ཀྱི་དྲིན་ཚོར་བའི་བསམ་པ་རྣམ་དག་བཟུང་ནས། མི་སྒེར་གྱི་ཕུགས་བསམ་དང་རྒྱལ་ཁབ་ཀྱི་ལས་དབང་གཉིས་ཟུང་འབྲེལ་དམ་པོར་གཏོང་དགོས། མཚོ་སྔོན་ལ་དགའ་ཞེན་ཡོད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་མཁོ་བའི་འཇོན་ཐང་མི་སྣ་མང་པོ་གསོ་སྐྱོང་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ནས། ཤེས་རབ་དང་འཇོན་ཐང་ཡོད་ཚད་མཚོ་སྔོན་འཕེལ་རྒྱས་ཀྱི་ཆེད་དུ་ཕངས་མེད་དུ་འབུལ་ཐུབ་དགོས་ཟེར།

ཝང་གོ་ཧྲིན་གྱིས་དགེ་སློབ་ཡོངས་ལ་དར་སྤེལ་དང་རྒྱུད་འཛིན་གྱི་ཁྲོད་ནས་སྤོབས་པ་ཆེན་པོས་གསར་གཏོད་བྱས་ཏེ། ཉིན་རེ་དང་དུས་ཚོད་རེ་དམ་འཛིན་བྱས་ནས། མཐོ་སར་མིག་ལྟོས་དང་རིག་གཞུང་གི་མཐོ་ས་བཟུང་མཐར། འཛམ་གླིང་ན་ཕུལ་དུ་བྱུང་བའི་བོད་ལུགས་གསོ་རིག་སྐོར་གྱི་རིག་ཚན་འཛུགས་པར་འབད་དགོས་པའི་ཐད་ནས་སྐུལ་འདེད་བཏང་།
ཝང་གོ་ཧྲིན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དུ་སློབ་གྲྭའི་ཁོར་ཡུག་བཀོད་འགྲེམ་ལ་ལྟ་ཞིབ་ནན་མོ་བྱས་རྗེས། ཕུལ་བྱུང་སློབ་གཙོ་བཅུའི་ཁྲོད་བདམས་ཐོན་བྱུང་བའི་ལིས་ཆིན་ཧྲིན་ལ་མེ་ཏོག་ཕུལ་བ་དང་། ཟབ་སྦྱོང་བྱེད་ཀྱིན་པའི་འཛིན་གྲྭའི་ཀྲུའུ་རིན་དང་དགེ་སློབ་ཡོངས་དང་ལྷན་དུ་བསྡད་དེ། སློབ་གྲྭའི་འཕེལ་རྒྱས་དང་སློབ་ཁྲིད་ལག་ལེན་སོགས་ཀྱི་གནད་དོན་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། ཁོ་ཚའི་བསམ་བློ་དང་བྱ་བ། འཚོ་བ་བཅས་ཀྱི་གནས་ཚུལ་སྐོར་ནས་འདྲི་རྩད་བྱས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། དགེ་རྒན་དུས་ཆེན་སླེབས་བྱུང་བས། ང་ཚོ་ཁྱེད་ཅག་ལ་འཚམས་འདྲིར་ཡོང་བ་ཡིན། ཁྱེད་ཅག་གི་དུས་ཆེན་སྤྲོ་མོ་ཡོང་ཐུབ་པའི་སྨོན་འདུན་ཞུ། བོད་ཁུལ་གྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད། ཁྱེད་ཅག་གིས་དགེ་རྒན་གཞན་དང་བསྡུར་ན་དཀའ་ལས་མང་པོ་མྱངས་ཡོད་ཟེར།

དགེ་རྒན་དུས་ཆེན་གྱི་སྔ་ཉིན། ཝང་ཅན་ཅོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ནང་དུ་སོང་ནས། དགེ་རྒན་རྣམས་དང་ལག་འཇུ་བྱས་ཏེ། དཀའ་ལས་མྱངས་སོང་ཞེས་བཤད་པར་མ་ཟད། ཕུལ་བྱུང་དགེ་རྒན་གྱི་འཐུས་མི་ལྷ་མོ་དང་སྔོན་ཐོན་སློབ་གསོ་བའི་འཐུས་མི་ལྕགས་མོ་གཉིས་ལ་མེ་ཏོག་ཕུལ། ཚང་མ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏང་དང་མི་དམངས་ཀྱི་ཡིད་ཚིམ་ཐུབ་པའི་དགེ་རྒན་བཟང་བོ་ཞིག་བྱེད་པའི་ཚད་གཞི་བཞི་ལ་བསྐྱར་སྦྱོང་བྱས་རྗེས། ཝང་ཅན་ཅོན་གྱིས་བཤད་རྒྱུར། སློབ་གསོ་ནི་མི་རིགས་དར་རྒྱས་འགྲོ་བའི་རྨང་གཞི་ཡིན་པ་དང་། དགེ་རྒན་ནི་གནམ་འོག་གི་ཆེས་བླ་ན་མཐོ་བའི་ལས་རིགས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེ་བའི་དགེ་རྒན་ཡོངས་ལ་བཏོན་པའི། ཕུགས་བསམ་དང་ཡིད་ཆེས་ཡོད་པ་དང་། ཀུན་སྤྱོད་ཀྱི་སེམས་རྒྱུད་ལྡན་པ། ཤེས་བྱ་བརྟན་པོ་ལྡན་པ། བྱམས་སེམས་ཆེན་པོ་ལྡན་པ་བཅས་ཀྱི་དགེ་རྒན་བཟང་བོར་གདམས་པའི་ཚད་གཞི་བཞིས། དགེ་རྒན་གྱི་བསམ་བློ་འཚོལ་སྙེག་ལ་སྤྱི་སྡོམ་བྱས་ཤིང་། རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་བཟོ་བ་ཡོངས་ལ་བསམ་བློ་དང་ལག་ལེན་གྱི་སྐོར་ནས་ཁ་ཕྱོགས་བསྟན་ཡོད་པས། ཚང་མས་དེར་སློབ་སྦྱོང་བྱས་ཏེ་གོ་བ་ཡང་དག་ལོན་པར་བྱེད་དགོས་པ་དང་། སློབ་ཁྲིད་ལག་ལེན་དངོས་ཀྱི་ཁྲོད་ནས་ལག་ལེན་ལ་འདེབས་དགོས་ཟེར།

ཟླ་དགུ་བའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ལིག་ཉིན་གྱིས་ཆར་རྒྱུན་གདོང་གིས་བསུས་ཏེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ནང་དུ་སོང་ནས་སློབ་ཁྲིད་དང་རིག་ཚན་བྱ་བར་ལྟ་ཞིབ་བྱས། ཟླ་དགུ་བའི་ཚེས་བདུན་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་ཟི་ལིང་གྲོང་ཁྱེར་འོན་ལྐུགས་སློབ་གྲྭ་གཉིས་ཀྱི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས། ཟླ་དགུ་བའི་ཚེས་བདུན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་མཚོ་ནུབ་ཁུལ་མཐོ་རིམ་སློབ་འབྲིང་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ནང་དུ་སོང་ནས། དེ་གའི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས། ཡུས་ཚུང་ལི་གོང་གསལ་བྱ་འགུལ་ལ་ཞུགས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།