ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་པར་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་བཀྲམ།

སྤེལ་དུས། 2017-10-09 09:48:52   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་པར་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་བཀྲམ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་མང་ཚོགས་ཀྱིས་མཛེས་པའི་འཚོ་བར་རེ་སྙེག་བྱེད་པ་དང་མཐུན་པར་བྱས་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བྱ་བ་ཡོད་ཚད་ཀྱི་གཞི་འཛིན་ས་དང་རྐང་འཛུགས་ས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་གཞིར་བཟུང་ནས་གཅིག་གྱུར་སྒོས་སློབ་གསོ་དང་ལས་ཞུགས། ཡོང་སྒོ་བགོ་བཤའ་རྒྱག་པ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སོ་སོའི་དམངས་ཚིས་བྱ་བ་བཟང་བོར་སྒྲུབ་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་། བློ་མཐུན་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དམངས་ཚིས་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་ལ་གོ་བ་ཟབ་མོ་ལེན་པར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། མི་དམངས་གཞི་རྩ་ཡིན་པ་དང་མི་རྩ་བ་ཡིན་པའི་སྲིད་སྐྱོང་འདུ་ཤེས་དངོས་འབེབས་བྱེད་པ་དང་། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྔར་ལས་མངོན་འགྱུར་བྱེད་པ་དང་སྲུང་སྐྱོབ་བཟང་བོ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་དགོས། འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་འཕེལ་རྒྱས་སུ་གཏོང་ན་མི་དམངས་ལ་བརྟེན་དགོས་ལ། འཕེལ་རྒྱས་གྲུབ་འབྲས་དེ་མི་དམངས་ཀྱིས་མཉམ་སྤྱོད་བྱེད་ཐུབ་པར་བྱེད་དགོས། བསླབ་ན་ཁྲིད་མཁན་ཡོད་པ་དང་ལས་ན་ཐོབ་བྱ་ཡོད་པ། ན་ན་སྨན་བཅོས་ཐུབ་པ། རྒས་ན་གཉོར་མཁན་ཡོད་པ། འདུག་ན་ཁང་པ་ཡོད་པའི་ཐད་ནས་རྒྱུན་མཐུད་སྒོས་གྲུབ་འབྲས་གསར་བ་ལེན་དགོས་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཛུབ་སྟོན་དོན་སྙིང་གལ་ཆེན་ལྡན།

རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆར་བསྡོམས་པས་ལེའུ་དགུ་རུ་བགོས་ཡོད་པ་དང་རྒྱས་བཤད་དོན་ཚན་སུམ་བརྒྱ་དང་ཉེར་དྲུག་བཀོད་ཡོད། དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་བར་གྱི་གཏམ་བཤད་དང་སྙན་ཞུ། མཛུབ་སྟོན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སོགས་ཚད་ལྡན་ཡིག་ཆ་བརྒྱ་དང་བཞི་བཅུ་ལས་བཤུས་ཤིང་། དེའི་ཁྲོད་ཀྱི་རྒྱས་བཤད་གང་མང་ཞིག་ཐེངས་དང་པོར་སྤེལ་བ་རེད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།