ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

སྤེལ་དུས། 2017-10-10 09:16:44   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་བའི་ཚེས་དགུ་ཉིན་མགོ་འཛིན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ་བརྒྱུད་དེ་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་ལ། གཞི་རྩའི་སྨན་བཅོས་འགན་སྲུང་རྒྱལ་ཡོངས་དྲ་སྦྲེལ་དང་ཡུལ་གཞན་ནས་སྨན་བཅོས་བྱས་རྗེས་སྨན་རིན་ཐད་ཀར་རྩིས་རྒྱག་པའི་བྱ་བ་སྔར་ལས་བཟང་པོར་བསྒྲུབ་པར་བཀོད་སྒྲིག་བྱས་ནས། མང་ཚོགས་ཀྱི་སེམས་ཁྲལ་ཇེ་ཉུང་དུ་བཏང་བ་དང་མི་དམངས་ལ་ཕན་སྔར་ལས་མང་པོ་བཏགས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་སྤེལ་བ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱེད་རྒྱུ་དེ་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། རྐྱེན་སྲོལ་གསར་གཏོད་བྱེད་པ། སྨན་བཅོས་བཅོས་བསྒྱུར་བྱས་ཏེ་འཛམ་གླིང་རང་བཞིན་གྱི་དཀའ་གནད་འདི་ཐག་བཅད་དེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བཟང་པོ་བླངས། ད་ལོའི་ཟླ་དགུ་པའི་བར་དུ་རྒྱལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་ཡོངས་ནས་ཕྱོགས་བསྡུས་བཅོས་བསྒྱུར་སྤེལ་ཏེ། སྨན་རྫས་ལ་བརྟེན་ནས་སྨན་པར་ཁ་གསབ་བྱེད་པའི་སྣང་ཚུལ་མེད་པར་བཟོས་པ་དང་། ལོ་དྲུག་ཅུའི་རིང་ལ་ལག་བསྟར་བྱས་པའི་སྨན་བཙོང་བའི་མང་ཉུང་ལ་བརྟེན་ནས་སྨན་པའི་ཟླ་ཕོགས་ཁ་སྣོན་བྱེད་པའི་སྲིད་ཇུས་མེད་པར་བཟོས་ལ། སྡོད་དམངས་ཀྱི་མི་སྒེར་གྱི་འཕྲོད་བསྟེན་ཐད་ཀྱི་འགྲོ་སོང་གིས་འཕྲོད་བསྟེན་སྤྱིའི་འགྲོ་གྲོན་གྱི་ཟིན་ཚད་བརྒྱ་ཆའི་སུམ་ཅུ་མན་དུ་ཇེ་དམའ་རུ་སོང་བ་དང་། ནད་པའི་སྨན་བཅོས་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་སོང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པ་དང་། བརྒྱ་ཆའི་དགུ་བཅུ་ཙམ་གྱི་རིམ་པ་གསུམ་པའི་སྨན་ཁང་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟའི་ཁྲོད་ཞུགས་ནས། མང་ཚོགས་ཀྱིས་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་པའི་ཐད་ནས་སྟབས་བདེ་རུ་བཏང་། སྨན་བཅོས་བཅོས་བསྒྱུར་ནི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡིན་ལ། དཔལ་འབྱོར་བྱེད་ཐབས་གལ་ཆེན་ཡང་ཡིན་པས། ངེས་པར་དུ་རྒྱུན་མཐུད་ངང་སྤེལ་དགོས། གོ་རིམ་རྗེས་མར། གཅིག་ནས་གཞུང་བཙུགས་སྨན་ཁང་གི་འཁོར་སྐྱོད་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། གཉིས་ནས་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་ལ་བརྟེན་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་སྤེལ་དགོས། གསུམ་ནས་འབྲེལ་ཡོད་སྡེ་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་རྩད་ཆོད་དཀའ་བ་དང་བྱུང་ཚད་མཐོ་བའི་འབྲས་སྐྲན་ལ་སྨན་བཅོས་བྱེད་པའི་ཆེད་དོན་གཙོ་གནད་འགག་གཏོར་སྤེལ་ནས། སྔོན་ཐོན་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། བཞི་ནས་མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་མཉམ་འབྲེལ་ལ་བརྟེན་པའི་དཀའ་གནད་ཐག་བཅད་དེ། རྒྱང་བསྟེན་སྨན་བཅོས་དང་དམངས་ཕན་ཞབས་ཞུ་ཁྱབ་གདལ་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། མང་ཚོགས་ཀྱི་འདོད་བློ་དང་བསྟུན་ནས། རྒྱལ་ཡོངས་ནས་གཞི་རྩའི་སྨན་བཅོས་འགན་སྲུང་ཆ་འཕྲིན་དྲ་སྦྲེལ་སྤེལ་བ་དང་། གཏན་ཁེལ་དང་མཐུན་པའི་ཡུལ་གཞན་ནས་ཞག་སྡོད་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པར་བྱེད་པ་ནི། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་ཁེལ་གསལ་པོ་བྱས་པའི་སྨན་བཅོས་བཅོས་བསྒྱུར་གྱི་གཙོ་གནད་དང་དམངས་ཚིས་ཐད་ཀྱི་དམ་བཅའ་ཡིན། ཟླ་དགུ་བའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་དང་གཅིག་གྱུར་ས་ཁུལ་ཡོངས་རྫོགས་རྒྱལ་ཁབ་ཀྱི་ཡུལ་གཞན་ནས་སྨན་བཅོས་བྱས་རྗེས་སྨན་རིན་ཐད་ཀར་རྩིས་རྒྱག་པའི་མ་ལག་ཁྲོད་བཞག་ཡོད་པ་མ་ཟད། དེ་གཞི་རྩའི་སྨན་བཅོས་འགན་སྲུང་དང་རིགས་གསར་པའི་ཞིང་སྡེའི་སྨན་བཅོས་མཉམ་ལས་ཁྲོད་ཞུགས་པའི་མི་སྣའི་སྟེང་ཁེབས་པར་བྱས་ཡོད། གཏན་ཁེལ་དང་མཐུན་པའི་ཞིང་ཆེན་ནང་ཁུལ་དང་རང་ཞིང་བརྒལ་ནས་ཞག་སྡོད་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པ་མངོན་འགྱུར་བྱས། གོ་རིམ་རྗེས་མར། གཅིག་ནས་གཞི་རིམ་སྨན་བཅོས་སྡེ་ཁག་སྔར་ལས་མང་པོ་ཡུལ་གཞན་ནས་སྨན་བཅོས་བྱས་རྗེས་སྨན་རིན་ཐད་ཀར་རྩིས་རྒྱག་པའི་མ་ལག་ཁྲོད་འཇོག་དགོས། གཉིས་ནས་འབྲེལ་ཡོད་སྨན་བཅོས་ཉེན་སྲུང་ཆ་འཕྲིན་མ་ལག་གི་སྦྲེལ་མཐུད་མཉམ་སྤྱོད་དང་མཉམ་བསྲེས་བྱ་བ་མགྱོགས་མྱུར་སྒོས་སྤེལ་ནས། སྨན་བཅོས་འགན་སྲུང་ཐད་ཀྱི་རིག་ནུས་དཔྱད་ཞིབ་དང་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་པ་ལག་བསྟར་བྱེད་དགོས། གསུམ་ནས་ཡུལ་གཞན་ནས་སྨན་བཅོས་བྱས་རྗེས་སྨན་རིན་ཐད་ཀར་རྩིས་རྒྱག་པའི་སྲིད་ཇུས་འགྲེལ་ཀློག་བྱེད་པར་ཤུགས་བསྣན་ནས། མང་ཚོགས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་བྱེད་ཐུབ་པ་དང་བཀོལ་སྤྱོད་བྱེད་ཤེས་པར་བྱེད་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།