ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧྲང་ཧེ་གྲོང་ཁྱེར་ལ་ཉིས་སྟོང་ཉེར་གཅིག་ལོའི་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་དྲུག་པ་བསྡུ་བའི་དབང་ཆ་ཐོབ་པ་དང་ཞི་ཅིན་ཕིང་གིས་བརྙན་རིས་བརྒྱུད་ནས་ཤིས་ཚིག་ཕུལ།

སྤེལ་དུས། 2017-10-15 11:02:41   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

 ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་ནས་ཚོགས་པའི་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཁོངས་མི་ཡོངས་ཀྱི་ཚོགས་ཆེན་སྟེང་ཉིས་སྟོང་ཉེར་གཅིག་ལོའི་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་དྲུག་པ་ཀྲུང་གོའི་ཧྲང་ཧེ་གྲོང་ཁྱེར་ནས་བསྡུ་རྒྱུ་མཐའ་གཅིག་ཏུ་ཐག་བཅད། 

ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཚོགས་ཆེན་སྟེང་ཧྲང་ཧེ་གྲོང་ཁྱེར་ལ་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་དྲུག་པ་བསྡུ་བའི་དབང་ཆ་གནང་བའི་སྔོན་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་བརྒྱུད་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་ཧྲང་ཧེ་གྲོང་ཁྱེར་གྱིས་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་དྲུག་པ་བསྡུ་བར་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པ་མཚོན་པར་བྱས་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱིས་འཛམ་གླིང་ཡོངས་ལ་རྣམ་པ་གསར་ཞིང་ཤུགས་རྐྱེན་ཆེན་པོ་ཐེབས་པའི་འཛམ་གླིང་རྩལ་ནུས་འགྲན་སྡུར་ཞིག་ལེགས་སྐྱེས་སུ་འབུལ་རྒྱུ་ཁས་བླངས། 

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་དྲུག་པ་ཀྲུང་གོ་ནས་བསྡུས་ན་ཀྲུང་གོ་དང་རྒྱལ་ཁབ་སོ་སོས་རྩལ་ནུས་ཀྱི་ཁྱབ་ཁོངས་སུ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཕན་པ་ཡོད་པ་དང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ལོ་ཆུང་ན་གཞོན་དུང་ཕྱུར་གཉིས་ལྷག་གིས་རྩལ་ནུས་བྱ་འགུལ་ལ་ཡིད་འཇོག་བྱེད་པ་དང་དགའ་ཞེན་ཆེ་ལ། དེའི་ཁྲོད་དུ་ཞུགས་པར་སྣེ་ཁྲིད་བྱེད་པར་མ་ཟད། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་རྩལ་ནུས་འགུལ་སྐྱོད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པའི་གོ་སྐབས་ལྡན་པར་གྱུར། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་གཟེངས་བསྟོད་བྱེད་པར་མ་ཟད་ཧུར་ཐག་སྒོས་བྱ་འགུལ་སྣ་ཚོགས་ཁྲོད་དུ་ཞུགས་ཏེ་མུ་མཐུད་ནས་འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་ཇེ་ཉུང་དུ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁས་བླངས་པའི་བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་ལྔ་ལོའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་ངེས་ཡིན་ཟེར། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།