ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་དེ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་པར་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་ལ་བཀྲམ།

སྤེལ་དུས། 2017-10-16 15:02:55   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་པར་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་ལ་བཀྲམ།

རྒྱས་བཤད་བཤུས་སྒྲིག་ལ་བསྡོམས་པས་ཆེད་དོན་བརྒྱད་དུ་བགོས་ཡོད། རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་འདུ་ཤེས་རྣམ་པའི་བྱ་བའི་མགོ་ཁྲིད་དབང་ཆ་དང་དོ་དམ་དབང་ཆ། གཏམ་བཤད་དབང་ཆ་གསལ་བོར་ཤེས་པར་བྱེད་པ། རིགས་གཞུང་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་མྱུར་དུ་གསར་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། མི་རིགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བ། མི་དམངས་དཀྱིལ་སྙིང་ཡིན་པའི་གསར་རྩོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རིག་གནས་ལས་དོན་ཁྱོན་ཡོངས་ནས་གོང་འཕེལ་དུ་གཏོང་བ་དང་རིག་གནས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་རིག་གནས་ཀྱི་མཉེན་ཤུགས་ཇེ་ཆེར་བཏང་ནས་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་པ་བཅས་རེད། དཔེ་ཆའི་ནང་དུ་རྒྱས་བཤད་ཚན་པ་སུམ་བརྒྱ་དང་རེ་གཅིག་བཀོད་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་བར་གྱི་གསུང་བཤད་དང་སྙན་ཞུ། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སོགས་ཚད་ལྡན་ཡིག་ཆ་བདུན་ཅུ་ལས་བཤུས་ཤིང་དེའི་ནང་གི་རྒྱས་བཤད་གང་མང་ཞིག་ནི་ཐེངས་དང་པོར་འགྲེམ་སྤེལ་བྱས་པ་རེད།

ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་བཤུས་སྒྲིག་དང་དེའི་སྔོན་ལ་པར་དུ་བསྐྲུན་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་བཤུས་སྒྲིག་དང་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་བཤུས་སྒྲིག ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་བཤུས་སྒྲིག ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་བཤུས་སྒྲིག ཞི་ཅིན་ཕིང་གི་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་བཤུས་སྒྲིག ཞི་ཅིན་ཕིང་གི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྐོར་གྱི་རྒྱས་བཤད་བཤུས་སྒྲིག ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་རྒྱས་བཤད་བཤུས་སྒྲིག ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་སྐོར་གྱི་རྒྱས་བཤད་བཤུས་སྒྲིག ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་རྒྱས་བཤད་བཤུས་སྒྲིག་བཅས་ཀྱིས་ཏང་ཡོངས་ཀྱིས་གཏིང་ཟབ་ཅིང་གོ་རིམ་ལྡན་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གི་གཅིག་གྱུར་སྒོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བར་སློབ་སྦྱོང་བྱེད་པར་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་འདོན་སྤྲོད་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།