ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པས་གྲ་སྒྲིག་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་འགོ་འཛིན་མཛད།

སྤེལ་དུས། 2017-10-18 10:19:02   ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

2.jpg

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲ་སྒྲིག་གྲོས་ཚོགས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲ་སྒྲིག་གྲོས་ཚོགས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་སྟོང་གཉིས་དང་སུམ་བརྒྱ་ང་བཞི་ཡོད།

གྲ་སྒྲིག་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་སྟོང་གཉིས་དང་སུམ་བརྒྱ་དང་བདུན་ཡོད།

གྲོས་ཚོགས་ནས་ལག་པ་བཀྱགས་ཏེ་བརྡས་ཐག་བཅད་ནས་མི་ཉེར་གཉིས་ཀྱིས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོར་གྲོས་འཆམ་བྱུང་བ་དང་། མི་ཉིས་བརྒྱ་དང་ཞེ་གསུམ་གྱིས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོ་ལ་གྲོས་འཆམ་བྱུང་བར་མ་ཟད། ལིའུ་ཡུན་ཧྲན་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བདམས། གྲོས་ཚོགས་ནས་ཚོགས་ཆེན་གྱི་དྲུང་ཡིག་ཁུའུ་ཡི་སྒྲིག་གཞིའི་གྲུབ་ཚུལ་དང་བྱ་བའི་ལས་འགན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་། ཚོགས་ཆེན་གྱི་གྲོས་རིམ་ནི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱེད་རྒྱུ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཞིབ་བཤེར་བྱེད་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གདམ་རྒྱུ་བཅས་རེད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།