ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པས་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་གཟབ་རྒྱས་ངང་ཚོགས་པའི་ཐད་གཏོང་ལ་བལྟས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུར་ཉན།

སྤེལ་དུས། 2017-10-19 09:40:50   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

 ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་གཟབ་རྒྱས་ངང་བསྡུས། ཟི་ལིང་ན་ཡོད་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རེ་འགའ་སོགས་ཀྱིས་ཞིང་ཆེན་ཏང་ཨུའི་བརྙན་རིས་གྲོས་ཚོགས་ཁང་ནས་མཉམ་དུ་ཚོགས་ཆེན་བཅུ་དགུ་པ་མགོ་རྩོམ་པའི་ཐད་གཏོང་གནས་ཚུལ་ལ་བལྟས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུར་ཉན་ནས། ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱས།

ཚོགས་ཆེན་བཅུ་དགུ་པ་མགོ་རྩོམ་པའི་མཛད་སྒོར་ལྟ་ཉན་བྱེད་ཀྱིན་པའི་མགོ་ཁྲིད་རྣམས་ཀྱིས་བློ་སེམས་གཅིག་ཏུ་སྒྲིལ་ནས་ཚོགས་ཆེན་གྱི་ནང་དོན་ལ་གཟབ་ཉན་བྱས་པར་མ་ཟད། དུས་དང་དུས་སུ་ནན་ཏན་སྒོས་ཟིན་བྲིས་བཏབ། ཚང་མར་ཚོར་སྣང་གཅིག་བྱིན་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའ་རྒྱལ་ཁའི་ཕུ་ཐག་གཅོད་པའི་གནད་འགག་གི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ལ། དེ་ནི་འོས་འགན་ལྕི་མོ་ཕྲག་སྟེང་དུ་བླངས་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་ཆེན་གཟབ་རྒྱས་ཤིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུས་འཛམ་གླིང་ཡོངས་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་འབད་པས་བསྐྱོད་དེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་བསམ་མངོན་དུ་འགྱུར་བའི་ཕྱོགས་སུ་སྤོབས་པ་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་ཀྱིན་པའི་རྣམ་པ་བཟང་བོ་མངོན་ཡོད་ཟེར།

ཚང་མས་མགྲིན་གཅིག་ཏུ་བཞེད་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཚུན་གྱི་ལོ་ངོ་ལྔའི་བགྲོད་ལམ་ལ་ཕྱིར་མིག་ཅིག་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཀའ་ངལ་ཁྱད་སེལ་དང་གསར་གཏོད་མདུན་སྐྱོད། རྙིང་དོར་གསར་འཛུགས། ཧུར་བརྩོན་རྒྱལ་སྐྱོང་བཅས་ཀྱི་ཞུམ་པ་མེད་པའི་བསམ་བློའི་སྙིང་སྟོབས་བཅངས་ཏེ། ཆབ་སྲིད་ཀྱི་སྤོབས་སེམས་ཆེན་པོ་དང་འགན་འཁྲི་གཙང་ལེན་གྱི་སྦྱོར་བར་བརྟེན་ནས། ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་གསར་བ་མང་པོ་སྤེལ་བ་དང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རིམ་པར་བཏོན་པ་ལས་གཞན། སྲིད་ཇུས་བྱེད་ཕྱོགས་མང་པོ་དང་བྱེད་ཐབས་གལ་ཆེན་མང་པོ། བྱ་བ་གལ་ཆེན་མང་པོ་བཅས་རིམ་པར་བཏོན་ནས། དུས་ཡུན་རིང་བོར་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་གནད་དོན་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་སམ་ཐུབ་པའི་དོན་ཆེན་མང་པོ་ཡོངས་འགྲུབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་ཆེན་པོ་བྱས། དེས་རང་རྒྱལ་འདི་ཉིད་ལོ་རྒྱུས་ཀྱི་སྐས་རྐང་གསར་བའི་སྟེང་དུ་གོམ་པ་སྤོས་པ་མངོན་པར་མཚོན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པ་མངོན་པར་མཚོན་ཡོད་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།