ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཚན་ཁག་བགར་ནས་བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུ་ལ་གྲོས་སྡུར་བྱས།

སྤེལ་དུས། 2017-10-19 09:40:33   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

 ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཚན་ཁག་བགར་ནས་བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་ཕུལ་བའི་སྙན་ཞུར་གྲོས་སྡུར་བྱེད་འགོ་བརྩམས། ཨུ་ཡོན་རྣམས་ཀྱིས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས། ཆེས་སྤྱིར་བཏང་མ་ཡིན་པའི་འདས་པའི་ལོ་ལྔའི་རིང་ལ། ཆབ་སྲིད་ཀྱི་སྤོབས་སེམས་ཆེན་པོ་དང་འགན་འཁྲི་ཕྲག་ལེན་གྱི་འདུ་ཤེས་དྲག་པོར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱས་པ་དང་། མ་འོངས་པར་ཁ་ཕྱོགས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གྲུབ་པར་བྱས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་ཞིག་ཏུ་སྐྱོད་འགོ་བརྩམས་ཡོད།

འཐུས་མི་རྣམས་ཀྱིས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་ངོ་ལྔ་ནི། ཏང་དང་རྒྱལ་ཁབ་འཕེལ་རྒྱས་དུས་རིམ་ཁྲོད་ཀྱི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ངོ་ལྔ་ཡིན་ལ། ང་ཚོས་དཀའ་ཚེགས་ཡོད་ཚད་གདོང་གིས་བསུས་ཤིང་གསར་འབྱེད་གོང་སྤེལ་བརྩོན་ལེན་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པར་འདོད།

འཐུས་མི་རྣམས་ཀྱིས་བཤད་རྒྱུར། འདས་པའི་ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཁྱོན་ཡོངས་དང་གསར་སྐྲུན་རང་བཞིན་ལྡན་པ་ཞིག་ཡིན་ལ། འདས་པའི་ལོ་ལྔའི་ཚུན་གྱི་བསྒྱུར་བཅོས་ནི་གཏིང་ཟབ་ཅིང་རྩ་བའི་རང་བཞིན་ལྡན་པ་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་གཏིང་ཟབ་ཅིང་རྒྱང་རིང་བའི་ཤུགས་རྐྱེན་ཆེན་པོ་ལྡན་ཟེར།

འཐུས་མི་རྣམས་ཀྱིས་བལྟས་ན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པའི་འགུལ་སྐྱོད་ཀྱི་ཁ་ཕྱོགས་ཡིན་ལ། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་ཟེར།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།