ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་ཕུལ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས།

སྤེལ་དུས། 2017-10-19 09:51:51   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོ། ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཕུལ་བའི་སྙན་ཞུ་ལ་གྲོས་བསྡུར་ནན་མོ་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གནང་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་འཆར་ཟིན་འགོད་པའི་བྱ་བའི་སྐོར་གྱི་གསལ་བཤད་བརྒྱུད་སྒྲོག་བྱས། འཐུས་མི་ཚོས་མཐའ་གཅིག་ཏུ། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་དང་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་རྒྱུ་ཡིན་ལ། སྙན་ཞུའི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། ཧུར་ཐག་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུ་ལ་ཉན་རྗེས། ང་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་སེམས་ཤུགས་ཆེ་རུ་སྐྱེད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྙན་ཞུ་འབུལ་སྐབས། ཐལ་མོ་རྡེབ་སྒྲག་ཡང་ཡང་དུ་གྲགས་བྱུང་ལ། ཐལ་མོ་རྡེབ་སྒྲས་མི་དམངས་དང་ཏང་གི་བསམ་ཚུལ་མཚོན་པ་དང་། ཐལ་མོའི་རྡེབ་སྒྲ་ནི་ཏང་གི་འགན་འཁྲི་ཁག་ཁུར་གྱི་ཆེད་དུ་གྲགས་པ་ཡིན་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་ཆེད་དུ་གྲགས་པ་རེད། སྙན་ཞུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཕུགས་འདུན་ཡིད་རྟོན་སྣེ་ཁྲིད་དུ་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྨང་གཞི་རུ་བྱེད་པ། ཁག་ཁུར་གྱི་སྙིང་སྟོབས་འདེགས་སྐྱོར་རུ་བྱས་ནས། མི་དམངས་ཀྱི་འདོད་བློ་དང་རེ་བ་གླེང་ཡོད་ལ། དེ་ནི་འོད་སྟོང་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ཀྱི་མ་འོངས་པར་བསྐྱོད་པའི་སྲིད་སྐྱོང་རྩ་འཛིན་ཡིན་ལ། རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་ལས་དོན་སྤེལ་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་སྒྲོག་གཏམ་ཡིན་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། འདས་ཟིན་པའི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ང་ཚོ་ཏང་གིས་དུས་ཡུན་རིང་བོར་ཐག་གཅོད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་ལ། སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས། ཕྱིར་བལྟ་བྱས་ན་ཆེས་ཆེ་བའི་མྱོང་ཚོར་ནི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་སོང་ཡོད་ལ། དེའི་འབྱུང་རྩ་གཙོ་བོ་ཕྱོགས་བཞི་ལ་འབྲེལ་ཡོད་དེ། གཅིག་ནས་ནུས་རྩལ་མཐོར་འདེགས་བྱས་པ་དང་། གཉིས་ནས་དུས་རབས་ཀྱི་རྒྱུགས་གཞི་ཆེན་པོ་དང་ལེན་བྱས་པ། གསུམ་ནས་སྙིང་སྟོབས་བཞེངས་སྐྲུན་མངོན་འགྱུར་བྱུང་བ། བཞི་ནས་ནུས་པའི་འདེགས་སྐྱོར་ཇེ་དྲག་ཏུ་བཏང་བ་བཅས་རེད་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྙན་ཞུ་ནི་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་ཆབ་སྲིད་སྒྲོག་གཏམ་གྱི་སྙན་ཞུ་དང་བདེན་སྐྱོང་གསར་འདོན་གྱི་གཞུང་ལུགས་གསར་གཏོད་ཀྱི་སྙན་ཞུ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཁག་ཁུར་བྱེད་ཕོད་པའི་སྙན་ཞུ། འགན་འཁྲི་སེམས་སུ་དམ་པོར་བཟུང་ནས་ཧུར་ཐག་མདུན་བསྐྱོད་བྱེད་པའི་སྙན་ཞུ། བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་བསམ་བློ་བཅིངས་འགྲོལ་གྱི་སྙན་ཞུ། ཚན་རིག་དངོས་གཉེར་གྱི་འཐབ་ཇུས་བཀོད་སྒྲིག་སྙན་ཞུ། མི་གཙོར་བཟུང་ནས་མ་འོངས་པར་བསྐྱོད་པའི་སྙན་ཞུ་དང་ཏང་འཛུགས་སྐྲུན་བཟང་བོ་བྱེད་པ་དང་བགྲོད་ལམ་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་སྙན་ཞུ་ཡིན་ལ། སྙན་ཞུ་ལ་བརྗིད་ཉམས་ལྡན་ཞིང་ཚིག་སྦྱོར་བདེ་བ། ནང་དོན་ཕུན་སུམ་ཚོགས་པ། རྣམ་བཤད་གནད་ལ་འཁེལ་བ། མགོ་མཇུག་ལྡན་ཞིང་ཁ་གསལ་བ། མིའི་སེམས་སུ་བག་ཆགས་ཟབ་མོ་འཇོག་ཐུབ་ལ། དེ་ནི་ང་ཚོ་དུས་རབས་གསར་བར་བསྐྱོད་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་འགོ་རྩོམ་པ། ལེའུ་གསར་བ་འབྲི་བའི་ཆབ་སྲིད་སྒྲོག་གཏམ་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན་པས། ལོ་རྒྱུས་སྟེང་བཀྲག་མདངས་རྣམ་པར་བཀྲ་བ་ཁོ་ཐག་ཡིན་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ལོ་ལྔའི་རིང་གི་འཕེལ་རྒྱས་དེ་བསམ་བློ་གསར་བས་ལག་ལེན་གསར་བར་ཁ་ཕྱོགས་སྟོན་པ་དང་། བཀོད་སྒྲིག་གསར་བས་རྣམ་པ་གསར་བ་གསར་སྐྲུན་བྱེད་པ། འདུ་ཤེས་གསར་བར་བརྟེན་ནས་འཕེལ་རྒྱས་གསར་བ་བརྩོན་ལེན་བྱེད་པ། སྒྲིག་སྲོལ་གསར་བས་སྐྱེ་ཁམས་གསར་བ་བསྐྱར་བསྐྲུན་བྱེད་པའི་སྟེང་མངོན་པར་བྱས་ཡོད། ལོ་ལྔའི་རིང་གི་ཆེས་གལ་ཆེ་བའི་ཆབ་སྲིད་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཁྲོད་ཀྱི་སྲོག་ཤིང་གོ་གནས་གཏན་ཁེལ་བྱས་པ་དེ་ཡིན་ལ། ཆེས་གལ་ཆེ་བའི་གཞུང་ལུགས་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གྲུབ་པར་བྱས་པ་དེ་ཡིན་པ་དང་། ཆེས་གལ་ཆེ་བའི་ལག་ལེན་གྲུབ་འབྲས་ནི་ཡར་ལངས་པ་དང་ཕྱུག་པོར་འགྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་གསར་བ་གསར་སྐྲུན་བྱས་པ་དེ་ཡིན། འཕེལ་རྒྱས་དང་གྲུབ་འབྲས་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་གཞི་རྩའི་འགན་སྲུང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རྩ་བའི་ཕྱོགས་སྟོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྩ་བའི་བྱེད་ཐབས་དང་ཏང་སེམས་དམག་སེམས་དང་དམངས་སེམས་གོང་བུར་བསྒྲིལ་བའི་རྩ་བའི་མཚོན་བྱེད་བཅས་དང་རག་ལས་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་སློབ་སྦྱོང་དང་རྒྱུས་ལོན། ལག་ལེན་མཐར་ཕྱིན་བྱེད་ན། གཙོ་བོར་འདུ་ཤེས་བཞི་ཇེ་བརྟན་དུ་བཏང་སྟེ། གཙོ་འཛིན་གྱི་སྤྱོད་བཟང་དང་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཡིད་རྟོན་འདུ་ཤེས་བརྟན་པོ་དང་། སྔ་འཛིན་ཕྱི་གཏོད་ཀྱི་གཞུང་ལུགས་གསར་གཏོད། རྒྱལ་སྐྱོང་སྲིད་འཛིན་གྱི་འཐབ་ཇུས་བཀོད་སྒྲིག བབ་ཆགས་ལྷད་མེད་ཀྱི་དམངས་བསམ་བསམ་བློ། ཏང་དང་རྒྱལ་ཁབ་ལ་དམ་བཅས་པའི་ཁག་ཁུར་སྙིང་སྟོབས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐོག་མའི་བསམ་འདུན་བཅས་ལ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཐད་ནས་མིག་དཔེ་བྱེད་པ། ལས་གཉེར་ལས་སྐྲུན་བྱེད་པའི་ཐད་ནས་གདོང་ལེན་མཁན་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་གསུམ་པའི་བཀོད་སྒྲིག་ལྟར། དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་ཡར་ཞུ་བྱས་པའི་དཀའ་གནད། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ཐག་གཅོད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།