ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོས་ཀྲིག་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།

སྤེལ་དུས། 2017-10-20 08:59:57   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

1.jpg

ཟླ10པའི་ཚེས19ཉིན། བློ་མཐུན་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོས་ཀྲིག་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།

བློ་མཐུན་ཞི་ཅིན་ཕིང་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོས་ཀྲིག་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུས་ཏང་དང་རྒྱལ་ཁབ་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་པོར་བསྟན་ཡོད་ལ། དེ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་སྒྲོག་གཏམ་དང་འགུལ་སྐྱོད་རྩ་འཛིན་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་ཞུགས་པའི་ཆོད་གཏམ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ། གོམ་སྟབས་གཉིས་སུ་བགོས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གསར་པ། ཏང་གི་འཛུགས་སྐྲུན་གྱི་བླང་བྱ་གསར་པ་བཅས་ལ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་མཐུན་དང་གསར་སྤེལ་ཡར་བརྩོན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་འཕེལ་དུ་གཏོང་བར་སྐུལ་མ་གཏོང་དགོས།

ཀོས་ཀྲིག་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་སྙན་ཞུ་ལ་གྲོས་སྡུར་ཟབ་མོ་བྱས། འཐུས་མི་དགུ་ཡིས་སོ་སོར་དོན་དངོས་དང་སྦྲེལ་ནས་སྙན་ཞུ་ལ་བསམ་འཆར་བཏོན་པ་དང་། རང་གི་མྱོང་ཚོར་གླེང་། ཚང་མས་བལྟས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནི་དངོས་ཐོག་བདེན་འཚོལ་དང་བབ་བསྟུན་མདུན་སྐྱོད། སེམས་ཤུགས་གཅིག་སྒྲིལ། བརྩོན་སེམས་ཆེར་བསྐྱེད་བཅས་ཀྱི་སྙན་ཞུ་ཞིག་ཡིན་ལ། ཏང་ཡོངས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་སློང་དང་ཡར་སྐུལ་བྱེད་པའི་སྙན་ཞུ་ཞིག་ཡིན་པར་འདོད་ལ། ཚང་མས་སྙན་ཞུ་ལ་ཡོངས་སུ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཞི་ཅིན་ཕིང་གིས་ཀོས་ཀྲིག་གི་བློ་མཐུན་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་ཡར་བརྩོན་དང་འབད་འཐབ་གསར་གཏོད། དཀའ་སྤྱད་དངོས་སྒྲུབ། རྗེས་ཐོན་སྔོན་མཆོང་བཅས་ཀྱི་སྙིང་སྟོབས་ཧུར་ཐག་གིས་སྐྱེད་སྲིང་དང་དར་སྤེལ་གྱིས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཐིག་གཉིས་བཟང་པོར་བསྲུང་བ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་སྐྲུན། རྗེས་ཐོན་ཁྱད་སྟོབས་འདོན་སྤེལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། དུས་མཉམ་འབྱོར་འབྲིང་གི་རྒྱལ་ཁ་ལེན་པ། དུས་རབས་གསར་པའི་ཀོས་ཀྲིག་འཕེལ་རྒྱས་ཀྱི་ལོ་རྒྱུས་གསར་པ་རྩོམ་པ་བཅས་བྱས་ཏེ། མང་ཚོགས་ཕྱུག་ཅིང་སྐྱེ་ཁམས་མཛེས་པའི་ཀོས་ཀྲིག་གི་མ་འོངས་པ་གསར་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།