ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

སྤེལ་དུས། 2017-10-21 08:32:07   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

1.jpg

ཟླ10པའི་ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས། བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
2.jpg

ཟླ10པའི་ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ལིའུ་ཡུན་ཧྲན་གྱིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འདེམ་སྒུག་པའི་གྲ་སྒྲིག་གདམ་མིའི་མིང་ཐོའི་སྐོར་ནས་གསལ་བཤད་མཛད།

གྲོས་ཚོགས་སྟེང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་འཆར་ཟིན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་ནས་འཐུས་ཚབ་ཚོགས་པ་སོ་སོར་གྲོས་སྡུར་བྱེད་པར་སྤྲད།

གྲོས་ཚོགས་སྟེང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འདེམ་སྒུག་པའི་གྲ་སྒྲིག་གདམ་མིའི་གྲོས་གཞིའི་མིང་ཐོ་ལ་གྲོས་འཆམ་བྱུང་ནས། འཐུས་ཚབ་ཚོགས་པ་སོ་སོར་གྲོས་སྡུར་བྱེད་པར་སྤྲད།

གྲོས་ཚོགས་སྟེང་འཐུས་ཚབ་ཚོགས་པ་སོ་སོས་གྲོས་སྡུར་བྱས་པའི་ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ད་དུང་འདེམ་ཤོག་ལྟ་སྐུལ་པ་དང་། འདེམ་ཤོག་སྤྱིའི་ལྟ་སྐུལ་པའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། དེ་དངོས་སུ་འདེམ་བསྐོ་བྱེད་སྐབས་ཚོགས་ཆེན་ལ་གྲོས་འཆམ་འབྱུང་བར་སྤྲོད་རྒྱུ་རེད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།